Encyclopedia

giardiasis

biol. Intestinal infection with giardia, which can cause abdominal cramps, diarrhea, or nausea in humans. རྗ་ཌི་ཡིས་སྐྱེད་པའི་རྒྱུ་མའི་གཉན་ཁ་ཞིག་ལ་གོ་ཞིང་། མིའི་ལྟོ་བའི་ཁུལ་དུ་རྩ་འཆུས་འབྱུང་བའམ། བཤལ་ནད་འབྱུང་བ། ཡང་ན། སྐྱུག་མེར་ལངས་བའི་རྐྱེན་བྱེད།

By wisdmlabs |
DETAIL

gibbous moon

phys. The phase of the moon in which its illuminated part is greater than a semicircle and less than a circle. ཟླ་བའི་དཀར་ཆ་དེ་སྒོར་ཕྱེད་ལས་ཆེ་ཞིང་སྒོར་དབྱིབས་ལས་ཆུང་བ་ཡོད་པའི་སྐབས་ཀྱི་ཟླ་བའི་ངོ་ལ་གོ

By wisdmlabs |
DETAIL

gills

biol. The organ that enables fish and many other aquatic animals to take oxygen from the water. ཉ་ལ་སོགས་པའི་ཆུ་གནས་སྲོག་ཆགས་མང་པོས་ཆུ་ནས་འཚོ་རླུང་ལེན་བྱེད་ཀྱི་དབང་པོ་དེ་ལ་གོ

By wisdmlabs |
DETAIL

gizzard

biol. A muscular, thick-walled part of a bird’s stomach for grinding food, typically with grit. ཤ་སྒྲིམ་དང་པགས་པ་མཐུག་པོས་གྲུབ་ཅིང་ཟ་མ་ཞིབ་ཞིབ་བཟོ་བྱེད་ཀྱི་བྱ་ཡི་ཕོ་བའི་ཆ་ཤས་དེ་ལ་གོ་ཞིང་། སྤྱིར་བཏང་བྱེ་རྡོ་དང་ལྡན་པ་ཡིན། [བྱ་ལ་ཕོ་བ་གཉིས་ཡོད་པའི་ནང་གི་ཕྱི་མ།]

By wisdmlabs |
DETAIL

gland

biol. An organ or group of cells in the body of an animal that produces and secretes a specific substance, such as a hormone or enzyme.  སྲོག་ཆགས་ཀྱི་ལུས་པོའི་ནང་དུ་ཡོད་ཅིང་རྨེན་རྫས་སམ་སྨིན་རྫས་ལྟ་བུའི་རྫས་བྱེ་བྲག་པ་ཞིག་ཐོན་སྐྱེད་དང་གློད་འདོན་བྱེད་མཁན་གྱི་ཕྲ་ཕུང་གི་ཚོ་ཁག་ཅིག་གམ་དབང་པོ་ཞིག

By wisdmlabs |
DETAIL

glaucoma

biol. A disease in which pressure inside the eye causes gradual loss of vision. མིག་གི་ནང་རོལ་གྱིི་གནོན་ཤུགས་ལ་བརྟེན་ནས་རིམ་གྱིས་མཐོང་ཚོར་ཉམས་པའི་ནད་ཅིག

By wisdmlabs |
DETAIL

glial cell

biol. Any of the cells that hold nerve cells in place and help them work the way they should. དབང་རྩའི་ཕྲ་ཕུང་རྣམས་རང་གནས་སུ་བཟུང་བར་བྱེད་ཅིང་དབང་རྩའི་བྱ་བ་ཏག་ཏག་སྒྲུབ་པར་རམ་འདེགས་བྱེད་མཁན་གྱི་ཕྲ་ཕུང་གང་ཡང་རུང་བ་ཞིག

By wisdmlabs |
DETAIL
TOP