gland
biol. An organ or group of cells in the body of an animal that produces and secretes a specific substance, such as a hormone or enzyme. སྲོག་ཆགས་ཀྱི་ལུས་པོའི་ནང་དུ་ཡོད་ཅིང་རྨེན་རྫས་སམ་སྨིན་རྫས་ལྟ་བུའི་རྫས་བྱེ་བྲག་པ་ཞིག་ཐོན་སྐྱེད་དང་གློད་འདོན་བྱེད་མཁན་གྱི་ཕྲ་ཕུང་གི་ཚོ་ཁག་ཅིག་གམ་དབང་པོ་ཞིག
glial cell
biol. Any of the cells that hold nerve cells in place and help them work the way they should. དབང་རྩའི་ཕྲ་ཕུང་རྣམས་རང་གནས་སུ་བཟུང་བར་བྱེད་ཅིང་དབང་རྩའི་བྱ་བ་ཏག་ཏག་སྒྲུབ་པར་རམ་འདེགས་བྱེད་མཁན་གྱི་ཕྲ་ཕུང་གང་ཡང་རུང་བ་ཞིག
global warming
phys. An increase in the average temperature of the earth’s atmosphere, especially a sustained increase sufficient to cause climatic change. སའི་གོ་ལའི་རླུང་ཁམས་ཀྱི་ཆ་སྙོམས་དྲོད་ཚད་ཇེ་མཐོར་གྱུར་བ་ལ་གོ་ཞིང་། བྱེ་བྲག་ཏུ་གནམ་གཤིས་གྱི་འགྱུར་བ་སྐྲུན་ནུས་པའི་རྒྱུན་གནས་ཀྱི་དྲོད་ཚད་འཕེལ་བ་ལ་གོ
globin
biol. Any of a group of heme-containing proteins, including myoglobin and hemoglobin, that can bind oxygen and other gases. ཧེམ་རུ་ཁག་དང་ལྡན་པའི་སྤྲི་རྫས་ཀྱི་སྡེ་གང་རུང་རུང་ཞིག་ལ་ཟེར་ཞིང་། དེའི་ཁོངས་སུ་འཚོ་རླུང་དང་རླངས་རྫས་གཞན་ལ་འཆིང་སྦྱོར་ཐུབ་པའི་ཤ་གནད་ཟླུམ་སྤྲི་དང་ཁྲག་དམར་སྤྲི་རྫས་ལ་སོགས་པ་ཚུད་ཡོད།