radio telescope
phys. An instrument used to detect radio emissions from the sky, whether from natural celestial objects or from artificial satellites. བར་སྣང་དུ་ཡོད་པའི་རང་བྱུང་དངོས་གཟུགས་སམ་མིས་བཟོས་སྲུང་སྐར་ནས་ཡོང་བའི་རླུང་འཕྲིན་གྱི་འགྱེད་འཕྲོ་རྩད་གཅོད་བྱེད་པར་སྤྱོད་པའི་ཡོ་ཆས་ཤིག
radio waves
phys. Electromagnetic waves of the longest wavelength. རླབས་རིང་ཤོས་ཡིན་པའི་གློག་ཁབ་ལེན་གྱི་རླབས།
radioactive
phys. Term applied to an atom having an unstable nucleus that can spontaneously emit a particle and become the nucleus of another element. ལྟེ་རྡུལ་བརྟན་པོ་མེད་ཅིང་རང་ཤུགས་ཀྱིས་རྡུལ་ཞིག་གློད་དེ་རྩ་རྫས་གཞན་གྱི་ལྟེ་རྡུལ་དུ་འགྱུར་བའི་རྡུལ་ཕྲན་ལ་སྤྱོད་པའི་ཚིག་ཅིག
radioactive decay
phys. The spontaneous transformation of an unstable atomic nucleus into a lighter one, in which radiation is released in the form of alpha particles, beta particles, gamma rays, and other […]
radioactive equilibrium
phys. A condition in which the quantities of radioactive daughter nuclides in a material remain constant because they are formed from the parent as fast as they decay. མ་རྡུལ་ནས་བུ་རྡུལ་གྲུབ་པ་དང་བུ་རྡུལ་དེ་རྣམས་ཟད་འགྱུར་བྱེད་པ་གཉིས་དོ་མཉམ་པ་ལ་བརྟེན་ནས་འགྱེད་འཕྲོའི་རང་བཞིན་གྱི་བུ་རྡུལ་གྱི་ཁ་གྲངས་འགྱུར་མེད་དུ་གནས་པའི་གནས་སྟངས་ཤིག
radioactive isotopes
phys. Isotope of an element that is intrinsically unstable and is likely to emit ionizing radiation as a result of radioactive decay to a more stable form. རང་བཞིན་གྱིས་བརྟན་པོ་མེད་ཅིང་གྱེས་རྡུལ་སྐྱེད་པའི་འགྱེད་འཕྲོ་སྤྲོ་བའི་སྒོ་ནས་སྔར་ལས་བརྟན་པའི་ངོ་བོར་འགྱེད་འཕྲོའི་ཟད་འགྱུར་བྱེད་པའི་གནས་མཉམ་རྩ་རྫས་ཤིག
radioactive tracer
phys. A substance that is doped with radioactive material and injected into a physical or biological system so that its distribution can later be observed by radiation detection means. འགྱེད་འཕྲོའི་དངོས་རྫས་དང་ལྷན་དུ་མཉམ་བསྲེས་བྱས་ཏེ་གཟུགས་པོའམ་སྐྱེ་དངོས་ཀྱི་མ་ལག་ཅིག་ཏུ་ནང་འཇུག་བྱས་རྗེས་དེའི་ཁྱབ་ཚུལ་ལ་འགྱེད་འཕྲོའི་ཚོར་ཆས་སྤྱད་དེ་བརྟག་དཔྱད་བྱེད་པར་སྤྱོད་པའི་དངོས་རྫས་ཤིག