potentiating
neurosci. To make (something, especially a drug or a metabolic or chemical reaction) effective or more effective. (སྨན་རྫས་སམ། ནུས་སྒྱུར་རྫས་སྦྱོར་རམ། རྫས་སྦྱོར་ལྟ་བུ་) ནུས་ལྡན་དུ་བཟོ་བའམ། ནུས་པ་ཇེ་མཐོར་གཏོང་བ་ལ་གོ
potentiation
neurosci. The increase in strength of nerve impulses along pathways which have been used previously, either short-term or long-term. དབང་རྩའི་འཕར་བརྡ་རྒྱུ་སའི་རྒྱུ་ལམ་དུ་དབང་རྩའི་འཕར་བརྡ་ཡི་ནུས་ཤུགས་འཕྲལ་ཕུགས་གང་རུང་གི་སྒོ་ནས་སྤར་བ་ལ་གོ
power
phys. Rate at which work is done or energy is transformed, equal to the work done or energy transformed divided by time; measured in watts. Power = work/time ལས་ཀ་བྱས་པའམ་ནུས་པ་སྤོས་པའི་འགྲོས་ཚད་དེ་བྱས་པའི་ལས་ཀའམ་སྤོས་པའི་ནུས་པ་དེ་དུས་ཚོད་ཀྱི་བགོས་པ་མཚུངས་ཤིང་། ཝཊ་ཡི་ནང་དུ་ཚད་འཇལ་བྱེད། […]
power grid
phys. The transmission network through which electricity moves from suppliers to customers. མཁོ་སྤྲོད་བྱེད་མཁན་ནས་འཛད་སྤྱོད་པའི་སར་གློག་རྒྱུད་གཏོང་བྱེད་པའི་དྲ་བ་ལ་གོ
power grip
phys. The ability of a primate to grasp objects in the hand with the fingers wrapped around it and the thumb reinforcing the fingers. མཛུབ་མོ་བཞི་པོས་དངོས་པོ་ཞིག་གི་མཐའ་ནས་སྒྲིལ་ཞིང་མཐེ་བོང་གིས་སྤར་འཇུ་དེ་ཇེ་དམ་དུ་གཏོང་ཐུབ་པའི་མཐོ་རིམ་སྲོག་ཆགས་ཀྱི་ནུས་པ་ལ་གོ
power plant
phys. A complex of structures, machinery, and associated equipment for generating electric energy from another source of energy, such as nuclear reactions or a hydroelectric dam. ལྟེ་རྡུལ་གྱི་འདྲེས་སྦྱོར་རམ་ཆུ་མཛོད་ལྟ་བུའི་ནུས་པའི་འབྱུང་ཁུངས་གཞན་ཞིག་ལ་བརྟེན་ནས་གློག་ནུས་སྐྲུན་པར་མཁོ་བའི་ཡོ་ཆས་དང་། འཕྲུལ་ཆས། ཁང་པ་བཅས་ལ་གོ