pie chart
math. A circular graph having radii dividing the circle into sectors proportional in angle and area to the relative size of the quantities represented. སྒོར་དབྱིབས་ཤིག་ཚངས་ཕྱེད་གང་མང་གིས་ཆ་ཤས་དུ་མར་དབྱེ་ཞིང་། ཆ་ཤས་རེ་རེའི་ཟུར་ཚད་དང་རྒྱ་ཁྱོན་ནི་དེ་དག་གིས་ཚབ་མཚོན་བྱེད་སའི་ཁྱོན་འབོར་དང་དོད་མཚུངས་པའི་ཐིག་རིས་གོར་མོ་ཞིག
pigment cell
biol. An animal cell, such as a melanocyte or a chromatophore, that contains pigment. མི་ལ་ནོ་ཕྲ་ཕུང་ངམ། ཚོས་ཅན་ཕྲ་ཕུང་ལྟ་བུའི་ཚོན་རྩི་དང་ལྡན་པའི་སེམས་ཅན་གྱི་ཕྲ་ཕུང་ཞིག་ལ་ཟེར།
pile driver
phys. A machine for driving piles into the ground. ས་ནང་དུ་གདུང་ཕུར་འཛུགས་བྱེད་ཀྱི་འཕྲུལ་ཆས་ཤིག