cilia
biol. One of the very small parts like hairs on the surface of a cell that move regularly and keep the surrounding liquid moving around it or help an organism with only one cell to move. ཕྲ་ཕུང་ཞིག་གི་ཕྱི་ངོས་སྟེང་གི་སྐྲ་ལྟ་བུའི་ཧ་ཅང་ཆུང་བའི་ཆ་ཤས་གཅིག དེ་རྟག་ཏུ་གཡོ་འགུལ་བྱེད་པས་རྫི་སྤུའི་མཐའ་འཁོར་གྱི་གཤེར་གཟུགས་རྣམས་ཕར་ཚུར་འགུལ་དུ་འཇུག་པའམ། ཕྲ་ཕུང་གཅིག་རང་ལྡན་པའི་སྐྱེ་དངོས་རྣམས་འགུལ་སྐྱོད་བྱེད་པར་རམ་འདེགས་བྱེད་ཀྱི་ཡོད།
ciliary body
biol. A thickened portion of the vascular coat of the eye located between the choroid and the iris. རྩ་སྐྱི་དང་། འཇའ་སྐྱི་གཉིས་ཀྱི་དབར་དུ་གནས་ཤིང་མིག་གི་སྦུག་ལྡན་ཤུན་པའི་ཆ་ཤས་མཐུག་པོ་ཆགས་པ་ཟིན་པ་ཞིག
ciliary muscle
biol. The small muscles that permit the lens to change its shape in order to focus on near or distant objects. ཐག་ཉེ་རིང་གི་དངོས་པོ་ལ་དམིགས་གཏོད་ཐུབ་པའི་ཆེད་དུ་དྭངས་ཤེལ་གྱི་བཟོ་ལྟ་བརྗེ་སྒྱུར་བྱེད་མཁན་གྱི་ཤ་སྒྲིམ་ཆུང་ཆུང་རྣམས་ལ་ཟེར།
ciliate
biol. A single-celled animal of a large and diverse phylum distinguished by the possession of cilia or ciliary structures. ཆེ་ཞིང་སྣ་ཚོགས་རང་བཞིན་ཅན་གྱི་སྲོག་ཆགས་ཀྱི་སྡེ་ཞིག་ཏུ་གཏོགས་ཤིང་རྫི་སྤུའམ་རྫི་སྤུ་དང་འདྲ་བའི་ལུས་ཀྱི་བཀོད་པ་དང་ལྡན་པའི་ཕྲ་ཕུང་གཅིག་ལྡན་གྱི་སྲོག་ཆགས་ཤིག་ལ་གོ (མིག་གི་རྫི་མ་དང་འདྲ་བའི་སྤུ་དང་ལྡན་པའི་གདོད་མའི་སྲོག་ཆགས་ཤིག)
cingulate cortex
neurosci. The outer layer of the CINGULATE GYRUS. འཆིང་ཐག་ཟེ་རྒྱུད་ཀྱི་ཕྱི་རིམ་ལ་གོ
cingulate gyrus
neurosci. The cortical part of the limbic system that lies along the lateral walls of the groove that separates the two cerebral hemispheres and just above the corpus callosum. It […]
circadian clock
biol. An internal time-keeping system in all organisms. Changes in the external environment, particularly in the light-dark cycle, train this biologic clock. When environmental conditions are constant, rhythms driven by […]