centigrade thermometer
phys. A thermometer which shows the temperature at which water freezes as 0º, and that at which it boils as 100º. དྲོད་ཚད་ཌིག་རི་ 0 སྐབས་སུ་ཆུ་འཁྱགས་པར་འགྱུར་ཞིང་། ཌིག་རི་ 100 ཡི་སྐབས་སུ་ཆུ་འཁོལ་བར་འགྱུར་བ་སྟོན་པའི་དྲོད་ཚད་འཇལ་ཆས་ཤིག
centimeter
phys. A unit of length equal to one hundredth of a meter. མི་ཊར་གཅིག་དུམ་བུ་བརྒྱ་ལ་བཏང་བའི་ཆ་ཤས་གཅིག་གི་རིང་ཚད་དང་མཉམ་པའི་བརྩི་གཞི་ཞིག
central canal
biol. A thin tube in the centre of the spinal cord containing cerebrospinal fluid རྒྱུངས་པའི་དཀྱིལ་དབུས་སུ་ཡོད་ཅིང་ཀླད་རྒྱུངས་གཤེར་ཁུ་གནས་སའི་སྦུ་གུ་ཕྲ་མོ་དེ་ལ་གོ
central dogma
biol. The principle that information passes from DNA to proteins (via RNA) and not in the reverse direction. ཌི་ཨེན་ཨེ་ནས་སྤྲི་རྫས་ལ་ཆ་འཕྲིན་(ཨར་ཨེན་ཨེ་བརྒྱུད་དེ་)བརྒྱུད་གཏོང་བྱེད་པ་ལས་ཁ་ཕྱོགས་ལྡོག་སྟེ་བརྒྱུད་གཏོང་མི་བྱེད་པར་བརྗོད་པའི་རྩ་འཛིན་ལ་གོ
central dogma of molecular biology