Encyclopedia

body clocks

neurosci. An internal physiological mechanism that controls certain biological rhythms in plants and animals, including humans, such as metabolic changes, sleep cycles, and photosynthesis. རྩི་ཤིང་དང་མིའི་རིགས་ཚུད་པའི་སྲོག་ཆགས་ཀྱི་ནང་དུ་ནུས་སྒྱུར་གྱི་འགྱུར་བ་དང་། གཉིད་ཀྱི་རྒྱུན་འཁོར། འོད་སྦྱོར་ལྟ་བུའི་སྐྱེ་དངོས་ཀྱི་འཁོར་འགྲོས་ངེས་ཅན་ལ་ཚོད་འཛིན་བྱེད་པའི་ལུས་ཁམས་ཀྱི་ལས་ཚུལ་ཞིག

By wisdmlabs |
DETAIL

body mass index

biol. Body mass index (BMI), an estimate of total body fat. The BMI is defined as weight in kilograms divided by the square of the height in metres: weight/ height2 = BMI. ལུས་གདོས་སྟོན་གྲངས་ནི་། ལུས་པོ་ཡོངས་སུ་ཡོད་པའི་ཚིལ་ཞག་མང་ཉུང་གི་ཚོད་རྩིས་ཤིག་ལ་ཟེར། […]

By wisdmlabs |
DETAIL

body temperature

biol. The level of heat manufactured by the body. ལུས་ཀྱིས་སྐྱེད་སྐྲུན་བྱས་པའི་ཚ་དྲོད་ལ་གོ

By wisdmlabs |
DETAIL

boiling

phys. Change from liquid to gas occurring beneath the surface of the liquid; rapid vaporization. The liquid loses energy, the gas gains it. གཤེར་གཟུགས་ཀྱི་ཕྱི་ངོས་ཀྱི་འོག་ནས་གཤེར་གཟུགས་དེ་རླངས་གཟུགས་སུ་འགྱུར་བ་སྟེ་མགྱོགས་པོའི་རླངས་འགྱུར། གཤེར་གཟུགས་ནས་ནུས་པ་བརླགས་ཤིང་རླངས་གཟུགས་ལ་ནུས་པ་ཐོབ་ཀྱི་ཡོད།

By wisdmlabs |
DETAIL

boiling point

phys. The temperature at which a liquid boils and turns to vapor. གཤེར་གཟུགས་ཤིག་ཁོལ་ཏེ་རླངས་པར་འགྱུར་བའི་སྐབས་ཀྱི་དྲོད་ཚད་ལ་གོ

By wisdmlabs |
DETAIL

bond

chem. A strong force of attraction holding atoms together in a molecule or crystal, resulting from the sharing or transfer of electrons. གློག་རྡུལ་མཉམ་སྤྱོད་དམ་འཕོ་ལེན་བྱས་པ་ལ་བརྟེན་ནས་འདུས་རྡུལ་ལམ་དྭངས་གཟུགས་ཤིག་ཏུ་རྡུལ་ཕྲན་རྣམས་དམ་པོར་འཛིན་པར་བྱེད་པའི་འགུགས་ཤུགས་དྲག་པོ་ཞིག

By wisdmlabs |
DETAIL

bonding

chem. The combining of atoms to form molecules or ionic compounds. འདུས་རྡུལ་ལམ་གྱེས་རྡུལ་གྱི་འདུས་རྫས་གྲུབ་པའི་ཆེད་དུ་རྡུལ་ཕྲན་མཐུད་སྦྱོར་བྱེད་པ་ལ་གོ

By wisdmlabs |
DETAIL
TOP