amylase enzyme
biol. Enzyme secreted by the salivary glands and pancreas that functions to begin the conversion of starch and glycogen into disaccharides during digestion. མཆིལ་རྨེན་དང་གཤེར་རྨེན་གྱིས་གློད་གཏོང་བྱས་ཤིང་། ཟས་འཇུ་ལེན་གྱི་སྐབས་སུ་བག་ཚི་དང་མངར་སྐྱེད་རྣམས་ཀ་ར་ཉིས་ལྡན་དུ་བརྗེ་སྒྱུར་འགོ་འཛུགས་པར་བྱེད་པའི་སྨིན་རྫས་ལ་གོ།
amyloid plaques
biol. Abnormal protein coatings on nerve cells in the brain. They are found in the brains of patients with ALZHEIMER’S DISEASE and in individuals with DOWN SYNDROME. ཀླད་པའི་ནང་གི་དབང་རྩ་ཕྲ་ཕུང་གི་སྟེང་དུ་རྒྱུན་ལྡན་མིན་པའི་སྒོ་ནས་སྤྲི་རྫས་ཀྱིས་གཡོག་པ་ལ་གོ་ཞིང་། ཨལ་རྫི་མར་གྱི་ནད་ཡོད་པའི་ནད་པ་དང་ཌའུན་རྟགས་འདུས་ཡོད་པའི་གང་ཟག་གི་ཀླད་པའི་ནང་དུ་ཡོད།
amyloid precursor protein (APP)
biol. A natural brain protein that is coded for on chromosome 21. This protein is related in some way to memory. ཚོས་གཟུགས་ ༢༡ གྱི་སྟེང་དུ་བརྡ་སྒྲིག་བྱས་པའི་ཀླད་པའི་རང་བྱུང་གི་སྤྲི་རྫས་ཤིག སྤྲི་རྫས་འདི་དྲན་པ་དང་འབྲེལ་བ་ཡོད།
amyotrophic lateral sclerosis (ALS)
neurosci. Degenerative nervous-system disorder causing muscle wasting and paralysis. The disease usually occurs after age 40, more often in men. Most victims die within two to five years from respiratory […]