anaerobic respiration
biol. A type of cell respiration that takes place in ANAEROBES, and in which energy is released from glucose and other foods without the presence of oxygen. འཚོ་རླུང་མི་དགོས་པའི་སྐྱེ་དངོས་རྣམས་ཀྱི་ནང་དུ་འབྱུང་བའི་ཕྲ་ཕུང་གི་འབྱིན་རྔུབ་ཀྱི་རིགས་ཤིག འདིའི་སྐབས་སུ་འཚོ་རླུང་མི་དགོས་པའི་ཐོག་ནས་སྒུ་ལུ་མངར་རྫས་དང་ཟ་མ་གཞན་ནས་ནུས་ཤུགས་གློད་གཏོང་བྱེད་ཀྱི་ཡོད།
analog signal
phys. Signal based on a continuous variable, as opposed to a digital signal made up of discrete quantities. དུམ་ཚན་གྱི་འབོར་ཚད་ཀྱིས་གྲུབ་པའི་གྲངས་བརྡ་ལས་ལྡོག་སྟེ་རྒྱུན་མཐུད་པའི་འགྱུར་གྲངས་ལ་བརྟེན་པའི་བརྡ་འཕྲིན།
analog watch
phys. A watch of the traditional type, in which time is represented by the position of hands that rotate on a dial, rather than by a numerical display. དུས་ཚོད་ནི་གྲངས་ཀས་སྟོན་པ་མ་ཡིན་པར་ཆུ་ཚོད་ཀྱི་ངོས་སུ་ཡོད་པའི་མདའ་ཡིས་སྟོན་པར་བྱེད་པའི་སྲོལ་རྒྱུན་གྱི་ཆུ་ཚོད་ཅིག [མདའ་མོས་དུས་སྟོན་པར་བྱེད་པའི་ཆུ་ཚོད།]
analogous structure
biol. A structure that compared with another has the same function but a different origin; analogous structures are e.g. the human eye and the eye of the octopus. འབྱུང་ཁུངས་མི་མཚུངས་མོད་བྱེད་ལས་མཚུངས་པའི་བཀོད་པ་ལ་གོ དཔེར་ན། […]
analogy
biol. A similarity in function or behavior among organisms or their anatomical structures resulting from convergent evolution rather than common ancestry. ཐུན་མོང་གི་མེས་པོ་ནས་བྱུང་བ་མིན་པར་ཕྱོགས་མཐུན་པའི་འཕེལ་འགྱུར་ལ་བརྟེན་ནས་བྱུང་བའི་སྐྱེ་དངོས་མི་འདྲ་བའི་དབར་གྱི་བྱེད་ལས་སམ་གཤིས་སྤྱོད་ཀྱི་མཚུངས་ཆོས་སམ། དེ་དག་གི་ཕུང་གནས་ཀྱི་བཀོད་པའི་མཚུངས་ཆོས་ལ་གོ