སྐྱི་མོ་ཕྱི་མ།
biol. The outermost of two protein-containing phospholipid bilayers that surround mitochondria, chloroplasts, nuclei, and also Gram-negative bacteria. ནུས་སྐྱེད་དབང་ཕྲ་དང་། ལྗང་རྫས་དབང་ཕྲ། ལྟེ་ཉིང་། གྷར་ཚོས་མི་ལེན་ཕྲ་ཕུང་ལྟ་བུའི་མཐའ་རུ་སྐོར་མཁན་གྱི་སྤྲི་རྫས་དང་ལྡན་པའི་འོད་མའི་ལི་ཚིལ་རིམ་པ་གཉིས་ལྡན་དེའི་རིམ་པ་ཕྱི་མ་དེ་ལ་གོ
སྐྱི་མོ། ཤུན་པ།
biol. A layer that surrounds a cell or organelle, typically consisting of molecules of lipids and proteins. ཕྲ་ཕུང་ངམ་དབང་ཕྲ་ཞིག་གི་མཐའ་ནས་བསྐོར་བའི་ཆགས་རིམ་ཞིག་ལ་ཟེར་ཞིང་། དེ་ནི་ཁྱད་པར་དུ་ལི་ཚིལ་དང་སྤྲི་རྫས་ཀྱི་འདུས་རྡུལ་གྱིས་གྲུབ་པ་ཡིན།
སྐྱི་མོའི་ནུས་པ།
biol. A difference in electrical potential that is observed between the two sides of a cell membrane. ཕྲ་ཕུང་སྐྱི་མོ་ཞིག་གི་ཕྱོགས་གཉིས་ཀྱི་དབར་ལ་བྱུང་བའི་གློག་གི་ནུས་བའི་ཁྱད་པར་ཞིག
སྐྱི་མོའི་སྤྲི་རྫས།
biol. A type of protein that is attached to, or associated with, a biological membrane (i.e. of a cell or of an organelle). སྐྱེ་དངོས་ཀྱི་(ཕྲ་ཕུང་ངམ་དབང་ཕྲ་གང་རུང་གི་)སྐྱི་མོ་ཞིག་དང་སྦྲེལ་ནས་ཡོད་པའམ་འབྲེལ་བ་ཡོད་པའི་སྤྲི་རྫས་ཀྱི་རིགས་ཤིག
སྐྱི་འདབ།
biol. A structure in the heart, stomach, etc., that temporarily stops the flow of fluid or that allows fluid to move in one direction only. སྙིང་དང་ལྟོ་བ་ལ་སོགས་པའི་ནང་དུ་ཡོད་ཅིང་། འཕྲལ་སེལ་གྱི་རིང་ལ་གཤེར་ཁུའི་རྒྱུ་བ་འགོག་པའམ། ཡང་ན་གཤེར་ཁུ་དེ་ཕྱོགས་གཅིག་རང་དུ་རྒྱུག་ཏུ་འཇུག་མཁན་གྱི་ཆགས་བཀོད་ཅིག
སྐྱི་རྒོལ་ཚོམ་བུ།
biol. A ring-like complex of COMPLEMENT proteins that form a pore in the membrane of target cells, such as bacteria, leading to the inflow of water and sodium ions so […]
སྐྱུར་ཆར།
chem. Rain containing high levels of acid, esp sulphuric and nitric acid, caused by the release of pollution from burning fuel into the atmosphere. སྐྱུར་རྫས་སྤྱི་དང་བྱེ་བྲག་ཏུ་མུ་ཟིའི་སྐྱུར་རྫས་དང་ཟེ་ཚྭའི་སྐྱུར་རྫས་ཀྱི་འདུས་ཚད་མཐོ་བའི་ཆར་པ་ལ་གོ་ཞིང་། བུད་རྫས་མེར་བསྲེགས་པའི་འབགས་བཙོག་དེ་རླུང་ཁམས་སུ་གློད་པ་ལ་བརྟེན་ནས་བྱུང།