ལོ་མཚན་ཆ་བཀོད།
biol. The composition of a population as determined by the number or proportion of males and females in each age category. ལོ་ཚོད་ཀྱི་སྡེ་ཚན་རེ་རེའི་ནང་དུ་ཡོད་པའི་ཕོ་མོའི་གྲངས་འབོར་རམ་བསྡུར་ཚད་ལ་བརྟེན་ནས་ཐག་བཅད་པའི་མི་འབོར་གྱི་གྲུབ་ཆ་ལ་གོ
ལོ་མའི་ནང་ཤ།
biol. The soft chlorophyll-containing tissue of a leaf between the upper and lower layers of epidermis: involved in photosynthesis ལོ་མའི་ཕྱི་པགས་སྟེང་འོག་གཉིས་ཀྱི་བར་དུ་ཡོད་ཅིང་ལྗང་རྫས་དང་ལྡན་པའི་ཕུང་གྲུབ་སྙི་མོ་དེ་ལ་གོ་ཞིང་། འོད་ཀྱི་སྡེབ་སྦྱོར་དུ་འཛུལ་ཞུགས་བྱེད།
ལོ་རེན་ཛའི་བསྡུ་འཁུམ།
phys. The shortening of an object along its direction of motion as its speed approaches the speed of light, as measured by an observer at rest with respect to the […]
ལོ་རེན་ཛའི་རྐྱེན་གྲངས།
phys. The factor, used in special relativity, to calculate the degree of time dilation, length contraction and relativistic mass of an object moving relative to an observer རྟོག་ཞིབ་པ་ཞིག་ལ་ལྟོས་ཏེ་འགུལ་གྱིན་པའི་དངོས་པོ་ཞིག་གི་ལྟོས་གྲུབ་ཀྱི་གདོས་ཚད་དང་། རྒྱང་འཁུམ། དུས་ནར་བཅས་ཀྱི་ཚད་གཞི་བཅས་ཚད་གཞལ་བའི་ཆེད་དུ་དམིགས་བསལ་ལྟོས་གྲུབ་ཏུ་སྤྱོད་པའི་རྐྱེན་གྲངས་དེའོ།