རྟོག་དཔྱོད་སྨྲ་བ།
phil. The practice or principle of basing opinions and actions on reason and knowledge rather than on religious belief or emotional response. བསམ་གཞིགས་བྱེད་སྟངས་སམ་བྱ་བ་སྒྲུབ་སྟངས་ནི་ཆོས་ལུགས་ཀྱི་ཡིད་ཆེས་སམ་སེམས་མྱོང་གི་ཡ་ལན་གཞི་ལ་བཞག་པ་ཞིག་མིན་པར་རྒྱུ་མཚན་དང་ཤེས་བྱ་གཞིར་བཞག་པའི་ཉམས་ལེན་ནམ་རྩ་དོན་ལ་གོ
རྟོག་བཟོས་གནོད་སྨན།
biol. A harmless substance that when taken by a patient is associated with harmful effects due to negative expectations or the psychological condition of the patient. ནད་པས་བཟུང་བའི་སྡུག་ཕྱོགས་ཀྱི་རེ་སྒུག་གམ། ཡང་ན་ནད་པའི་སེམས་ཁམས་ཀྱི་གནས་བབ་ལ་བརྟེན་ནས་གནོད་པའི་ཤུགས་རྐྱེན་བསྐྲུན་པར་བྱེད་པའི་གནོད་མེད་སྨན་རྫས་ཤིག
རྟོག་བཟོས་ཕན་སྨན།
biol. A substance that is not medicine, but that is given to someone who is told that it is a medicine, used to test the effect of a drug or to please a patient. སྨན་མིན་པའི་དངོས་རྫས་ཤིག་སྨན་ཡིན་པ་ལྟར་དུ་ནད་པ་ལ་སྤྲད་དེ་སྨན་རྫས་ཀྱི་ཤུགས་རྐྱེན་ལ་བརྟག་དཔྱད་བྱེད་པའམ་ཡང་ན་ནད་པ་ལ་སྤྲོ་སྣང་སློང་བ་ཞིག