མང་སྦྱོར། ཟློས་རྫས།
chem. Organic substance having large molecules consisting of repeated units. གཞི་རྩའི་གྲུབ་ཆ་བསྐྱར་ཟློས་བྱས་ནས་གྲུབ་པའི་འདུས་རྡུལ་ཆེན་པོ་དང་ལྡན་པའི་སྐྱེ་ལྡན་དངོས་རྫས་ལ་གོ
མངར་བཅས་ལི་ཚིལ།
biol. A lipid that contains one or more carbohydrate groups. ཁར་སྦོ་མངར་རྫས་ཀྱི་སྡེ་གཅིག་གམ་ཁ་ཤས་དང་ལྡན་པའི་ལི་ཚིལ་ཞིག་ལ་ཟེར།
མངར་བཅས་སྤྲི་རྫས།
biol. A molecule consisting of a protein unit complexed with a carbohydrate. Glycoproteins form important structural and functional components of plasma membranes. སྤྲི་རྫས་ཤིག་ཁར་སྦོ་མངར་རྫས་དང་སྡེབ་ནས་གྲུབ་པའི་འདུས་རྡུལ་ཞིག་ལ་གོ་ཞིང་། མངར་བཅས་སྤྲི་རྫས་ནི་ཆུ་སེར་སྐྱི་མོའི་བཀོད་པ་དང་བྱེད་ལས་གཉིས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།
མངར་རྫས་ཞིག་འགྱུར།
biol. The process in cell metabolism by which glucose is broken down in a series of steps, producing ATP and pyruvic acid. བསྟར་ཆགས་ཀྱི་རྒྱུད་རིམ་ཞིག་ལ་བརྟེན་ནས་སྒུལ་མངར་དེ་ཞིབ་ཞིབ་བཏང་སྟེ་ཨེ་ཊི་པི་དང་པེ་རུ་ཝིག་སྐྱུར་རྫས་སྐྲུན་པར་བྱེད་པའི་ཕྲ་ཕུང་ནུས་འགྱུར་གྱི་བྱེད་རིམ་ཞིག
མངར་ལྡན་ཉིང་སྐྱུར།
biol. A nucleic acid that is found in all living cells and many viruses and is involved in protein synthesis. Unlike double-stranded DNA, RNA consists of a single strand of nucleotides. […]