བྱ་བར་ཞུགས་པ།
neurosci. Functioning or capable of functioning. བྱེད་ལས་སྒྲུབ་བཞིན་པའམ་བྱེད་ལས་སྒྲུབ་པའི་ནུས་པ་དང་ལྡན་པ།
བྱ་མ་བྱི། འཕུར་ནུས་ནགས་བྱི།
biol. A small squirrel that has skin joining the fore and hind limbs for gliding from tree to tree. རྐང་ལག་གཉིས་ཀྱི་བར་མཚམས་སྐྱི་ལྤགས་ཀྱིས་མཐུད་ཡོད་པས་ཤིང་སྡོང་གཅིག་ནས་གཞན་ཞིག་ལ་འཕུར་ལྡིང་བྱེད་ཐུབ་པའི་ནགས་བྱི་ཆུང་ཆུང་ཞིག
བྱ་མེད་ནུས་པ། མལ་གནས་ནུས་པ།
biol. The electrical potential of a neuron or other excitable cell relative to its surroundings when not stimulated or involved in passage of an impulse. སད་སློང་བྱས་མེད་པའམ་འཕར་བརྡ་ཞིག་རྒྱུད་གཏོང་བྱེད་ཀྱིན་མེད་པའི་སྐབས་སུ་དབང་རྩ་ཞིག་གམ་སད་སློང་བྱེད་ཐུབ་པའི་ཕྲ་ཕུང་ཞིག་ལ་རང་གི་ཁོར་ཡུག་ལ་ལྟོས་བཅས་ཀྱི་སྒོ་ནས་ཡོད་པའི་གློག་ནུས་ལ་གོ
བྱ་ལན་ཤུགས།
phys. Force that is equal in strength and opposite in direction to the action force, and one that acts simultaneously on whatever is exerting the action force. See also Newton’s […]