བྲག་ཆ་གནས་འཚོལ།
phys. A process in which animals, for example bats find their way in the dark by producing sound wave that echo when they are reflected off an object. ཕ་ཝང་ལྟ་བུའི་སེམས་ཅན་གྱིས་སྐྲུན་པའི་སྒྲ་རླབས་དེ་དངོས་གཟུགས་ཤིག་ལ་ཕོག་སྟེ་ཕྱིར་ལྡོག་པའི་བྲག་ཆ་ལ་བརྟེན་ནས་ནག་ཁུང་དུ་རང་གི་བགྲོད་ལམ་འཚོལ་བའི་རྒྱུད་རིམ་ཞིག
བྲག་བྱེའུ།
biol. A seed-eating songbird that typically has a stout bill and colorful plumage. མཆུ་ཏོ་མཁྲེགས་པོ་དང་གཤོག་སྒྲོ་ཚོན་མདངས་ཅན་གྱི་བྱེའུ་སྐད་སྙན་པོ་དང་ལྡན་ཞིང་ས་བོན་ཟས་སུ་སྤྱོད་མཁན་ཞིག
བྲིན་པའི་གློག་རྡུལ།
phys. An electron in one of the outer shells of an atom that takes part in forming chemical bonds. རྡུལ་ཕྲན་གྱི་སྐོགས་རིམ་ཕྱི་མའི་ནང་དུ་ཡོད་ཅིང་། རྫས་སྦྱོར་གྱི་འཆིང་བ་འགྲུབ་པར་ཆ་ཤས་ལེན་པའི་གློག་རྡུལ།
བྲེད་རྨ། མྱོང་རྨ། སེམས་བསྣད།
neurosci. A disordered psychic or behavioral state resulting from severe mental or emotional stress or physical injury སེམས་གནོན་དྲག་པོའམ། སེམས་མྱོང་གི་གནོན་ཤུགས་དྲག་པོའམ། ཡང་ན། ལུས་ཀྱི་རྨས་སྐྱོན་དྲག་པོ་ཞིག་ལ་བརྟེན་ནས་བྱུང་བའི་འཁྲུག་སྐྱོན་ཐེབས་པའི་སེམས་ཁམས་སམ་གཤིས་སྤྱོད་ཀྱི་གནས་བབ་ཅིག [བྲེད་དམ་ཞེད་སྣང་ལ་བརྟེན་ནས་ལུས་སེམས་ལ་བྱུང་བའི་རྨ་ཁ།]
བྲེད་རྨའི་རྗེས་འབྲངས་སེམས་གནོན་འཁྲུག་སྐྱོན། བྲེད་རྨའི་རྗེས་འབྲངས་གནོན་ཉེས།
neurosci. A condition of persistent mental and emotional stress occurring as a result of injury or severe psychological shock, typically involving disturbance of sleep and constant vivid recall of the […]