ཕྲ་སྦུག་སྦུ་གུ
phys. A glass tube with a fine bore and thick walls, used in thermometers, etc. དྲོད་ཚད་འཇལ་ཆས་སོགས་སུ་སྤྱོད་པའི་བུ་ག་ཕྲ་ལ་གྱང་ངོས་མཐུག་པའི་ཤེལ་སྦུག
ཕྲ་སྲིན་རྣམ་གཞག
biol. The theory that all infectious diseases are caused by microorganisms. འགོས་ནད་ཐམས་ཅད་ནི་ཕྲ་དངོས་ཀྱིས་རྒྱུ་རྐྱེན་བྱས་པར་བརྗོད་པའི་རྣམ་གཞག་ཅིག
ཕྲད་ཐིག (ཆིག་ཕྲད།)
math. Line that touches a curve in one place only and is parallel to the curve at that point. གུག་རིས་ཤིག་ལ་གནས་གཅིག་ཁོ་ན་ནས་འཕྲད་ཅིང་གནས་དེ་ག་རང་ནས་གུག་རིས་དེ་ལ་མཉམ་གཤིབ་ཡིན་པའི་ཐིག
ཕྲད་ཐིག་མགྱོགས་ཚད།
phys. Linear speed along a curved path. གུག་ལམ་ཞིག་གི་རྒྱུད་དུ་ཡོད་པའི་དྲང་ཐད་མགྱོགས་ཚད།
ཕྲེང་སྦྲེལ་གློག་ལམ།
phys. Electric circuit with devices connected in such a way that electric current through each of them is the same. གློག་ལམ་ཞིག་ཏུ་མཐུད་སྦྲེལ་བྱས་པའི་གློག་ཆས་རྣམས་གློག་ཆས་རེ་རེའི་ནང་གི་གློག་རྒྱུན་གཅིག་མཚུངས་ཡིན་པའི་སྒོ་ནས་སྦྲེལ་ཚུལ།