དྲང་ཐད་མགྱོགས་ཚད།
phys. Path distance moved per unit of time. Also simply called speed. དུས་ཚོད་ཀྱི་བརྩི་གཞི་རེའི་ནང་དུ་བསྐྱོད་པའི་ལམ་ཐག་རིང་ཚད། སྟབས་བདེར་མགྱོགས་ཚད་ཅེས་ཀྱང་བརྗོད།
དྲང་ཐད་འགུལ་ཚད།
phys. Product of the mass and the velocity of an object. Also called momentum. (This definition applies at speeds much less than the speed of light.) དངོས་རྫས་ཤིག་གི་གདོས་ཚད་དང་མྱུར་ཚད་ཀྱི་སྒྱུར་ཐོབ། འགུལ་ཚད་ཅེས་ཀྱང་བརྗོད། (ངེས་ཚིག་འདི་ནི་འོད་ཀྱི་མགྱོགས་ཚད་ལས་ཧ་ཅང་ཆུང་བའི་མགྱོགས་ཚད་ཀྱི་སྐབས་སུ་ཁྱབ་ཀྱི་ཡོད།)
དྲང་འཕྱང་།
math. At an angle of 90° to a given line, plane, or surface or to the ground. དྲང་ཐིག་གམ། སྙོམས་ངོས་སམ། ངོས་སམ། ཡང་ན། ས་ངོས་ངེས་ཅན་ཞིག་ལ་ཟུར་ཚད་ ༩༠ གྲུབ་པའི་སྒོ་ནས་སྦྲེལ་བ།