གུ་ལུ་ཊ་མེཊ།
chem. An amino acid that functions as an excitatory neurotransmitter. It is the most common of neurotransmitters and is found in virtually half of all neural tissue. སྐུལ་བྱེད་དབང་རྩ་འཕྲིན་པའི་བྱེད་ལས་སྤེལ་མཁན་གྱི་ཨེ་མི་ནོ་སྐྱུར་རྫས་ཤིག འདི་ནི་དབང་རྩ་འཕྲིན་པ་འབེལ་ཤོས་དེ་ཡིན་ལ་དབང་རྩའི་ཕུང་གྲུབ་བརྒྱ་ཆ་ལྔ་བཅུ་ཙམ་གྱི་ནང་དུ་ཡོད་པ་ཡིན།
གུ་ལུ་སྐྱུར།
chem. An acidic amino acid which is a constituent of many proteins. སྤྲི་རྫས་མང་པོའི་ནང་དུ་ཡོད་པའི་ཨེ་མི་ནོ་སྐྱུར་རྫས་ཤིག
གུ་ཨ་ནོ་སིན་ ཕོ་སི་ཕེཊ་གསུམ་ལྡན།
chem. An energy-rich molecule that is required for the synthesis of peptide bonds during translation. ཕབ་སྒྱུར་གྱི་སྐབས་སུ་སྤྲི་རྩི་འཆིང་བ་སྦྱོར་གྲུབ་བྱེད་པར་མཁོ་བའི་ནུས་པ་མང་བའི་འདུས་རྡུལ་ཞིག
གུག་རིས་འཚམས་སྒྲིག
math. Any of a number of procedures for obtaining a smooth, regular curve that accurately ‘fits’ or characterizes a given set of data. གྲངས་ཐོའི་སྡེ་ཚན་ངེས་ཅན་ཞིག་དང་ཏག་ཏག་འཚམས་པའམ། ཡང་ན་དེའི་ཐུན་མིན་ཁྱད་ཆོས་མཚོན་པའི་གུག་རིས་སྙོམས་ཤིང་ཚད་ལྡན་ཞིག་འབྲི་བའི་ཐབས་ལམ་གང་རུང་ལ་གོ
གུག་ལམ། གུག་དབྱིབས།
phys. Curved path followed by a projectile acting under the influence of gravity only. འཐེན་ཤུགས་ཁོ་ནའི་ཤུགས་རྐྱེན་གྱི་འོག་ཏུ་འཕེན་གཟུགས་ཤིག་རྒྱུ་སའི་ལམ་ཁ་གུག་གུག