གློ་ཡུའི་རྩ་སྦུབས།
biol. Either of the two primary divisions of the trachea that lead respectively into the right and the left lung. གློ་བ་གཡས་གཡོན་སོ་སོ་དང་མཐུད་པའི་གློ་ཡུ་གཙོ་བོ་གཉིས་ལས་གང་རུང་ཞིག
གློ་རྩའི་སྐྱི་འདབ།
biol. The valve of the heart at the entrance to the pulmonary artery. གློ་བའི་འཕར་རྩ་འཛུལ་ས་ན་ཡོད་པའི་སྙིང་གི་སྐྱི་འདབ་དེ་ལ་གོ
གློ་ལྦུ་རྡོལ་ནད།
biol. A condition in which the air sacs of the lungs are damaged and enlarged, causing breathlessness. གློ་བའི་རླུང་རྐྱལ་ལ་གནོད་སྐྱོན་བྱུང་ཞིང་ཆེ་རུ་ཕྱིན་པ་ལ་བརྟེན་ནས་དབུགས་ཧལ་བའི་གནས་སྟངས་འབྱུང་བའི་གློ་ནད་ཅིག [ཐ་མག་འཐེན་པ་ལ་བརྟེན་ནས་གློ་ལྦུ་རྡོལ་བ་ལས་བྱུང་བའི་གློ་ནད།]
གློ་ལྦུ། གློ་མིག
biol. One of the many very small air bags in the lungs, with thin walls that allow oxygen to enter the blood. གློ་བའི་ནང་གི་ཧ་ཅང་ཆུང་བའི་རླུང་རྐྱལ་མང་པོའི་ཁྲོད་ཀྱི་གཅིག་ལ་གོ་ཞིང། ཤུན་པ་སྲབ་མོ་ཡོད་པ་དེ་ཡིས་ཁྲག་གི་ནང་དུ་འཚོ་རླུང་འཛུལ་དུ་འཇུག་གི་ཡོད།
གློ་ཤིང་གཅུས་འབུག
phys. A device for drawing corks from bottles, consisting of a pointed metal spiral attached to a handle. ཤེལ་དམ་ནས་གློ་ཤིང་ཕྱིར་འདོན་པར་སྤྱོད་པའི་ཡོ་ཆས་ཤིག་སྟེ། རྩེ་རྣོ་བའི་ལྕགས་ཤིག་ལ་གཅུས་གཟུགས་ཀྱི་འབུར་ཡོད་ཅིང་ལག་འཇུ་དང་ལྡན་པ་ཞིག