གློག་ཁུར་གསོག་ཆས།
phys. An electrical device— in its simplest form, a pair of parallel conducting plates separated by a small distance—that stores electric charge and energy. མཉམ་འགྲོ་ཡིན་པའི་ཁྲིད་གཟུགས་ཀྱི་བྱང་བུ་གཉིས་བར་ཐག་ཆུང་ངུ་ཞིག་གིས་ཁ་འཕྲལ་ཏེ་གློག་འཁུར་དང་ནུས་པ་གསོག་པའི་གློག་ཆས་ཤིག
གློག་ཁུར་གསོག་ནུས།
phys. The property of a circuit element that permits it to store charge. གློག་ཁུར་གསོག་ཏུ་འཇུག་མཁན་གློག་ལམ་གྱི་ཡན་ལག་ཅིག་གི་ཁྱད་ཆོས།
གློག་ཁུར་ཉར་ཚགས།
phys. Principle that net electric charge is neither created nor destroyed but is transferable from one material to another. གཙང་ཁུར་ནི་གསར་བཟོ་བྱེད་མི་ཐུབ་ལ་མེད་པར་ཡང་བཟོ་མི་ཐུབ་པར་དངོས་རྫས་གཅིག་ནས་གཞན་ལ་གནས་སྤོ་གཏོང་ཐུབ་པར་བརྗོད་པའི་རྩ་འཛིན།
གློག་ཁུར་ནུས་ཚད། ཝོལ་ཚད།
phys. Electrical “pressure” or a measure of electrical potential difference. Voltage = electric potential energy/unit of charge གློག་གི་ “གནོན་ཤུགས་” སམ་གློག་གི་ནུས་ཁྱད་ཀྱི་ཚད་འཇལ་ཞིག ཝོལ་ཚད། = གློག་གི་གནས་ལྟོས་ནུས་པ། / ཁུར་གྱི་གྲངས་འབོར། [གློག་ཁུར་རེ་ལ་ཡོད་པའི་གློག་གི་གནས་ལྟོས་ནུས་པ།]
གློག་ཁུར་ཤོར་བ། གློག་ཁུར་གློད་པ།
phys. An electric discharge is the release and transmission of electricity in an applied electric field through a medium such as a gas. ཕྱི་ནས་བསྣན་པའི་གློག་ར་ཞིག་གི་ནང་ནས་རླངས་གཟུགས་ལྟ་བུའི་རྒྱུད་ལམ་ཞིག་རྒྱུད་དེ་གློག་གློད་ཅིང་རྒྱུད་གཏོང་བྱས་པ་ལ་གློག་གཏོང་ཞེས་བརྗོད།
གློག་གློད་པ། གློག་ཤོར་བ།
phys. The liberation of energy from a distribution of electric charge when the charge flows. The source of the discharge can range from a cumulonimbus cloud, from which the discharge […]