མཐོང་རུང་ཁྱད་ཆོས།

phys. An attribute or observable property of a thermodynamic system that can be characterized by a single quantity which is applicable to the system as a whole, or which is a function of position within the system and is continuous so long as it does not vary rapidly over microscopic distances, except at the boundaries of the system. Examples of macroscopic properties are temperature, pressure, volume, density, viscosity, and concentration.
དྲོད་ཤུགས་རིག་པའི་མ་ལག་ཅིག་གི་རང་བཞིན་ནམ་མཐོང་རུང་ཁྱད་ཆོས་ཤིག་ལ་གོ་ཞིང་། ཁྱད་ཆོས་དེ་ཡང་མ་ལག་ཡོངས་ལ་ཁྱབ་པའམ། མ་ལག་དེའི་མུ་མཚམས་མ་བརྒལ་ཚེ་རྒྱང་ཐག་ཕྲ་མོའི་དབར་ལ་འགྱུར་བ་མྱུར་མོ་མེད་ཅིང་ཆ་སྙོམས་སུ་ཁྱབ་པ་ཞིག་ལ་གོ དཔེར་ན། དྲོད་ཚད་དང་། གནོན་ཤུགས། བོངས་ཚད། སྟུག་ཚད། ཚི་ཤུགས། གར་ཚད་བཅས་ནི་མཐོང་རུང་ཁྱད་ཆོས་ཀྱི་དཔེ་མཚོན་ཡིན་ནོ།