right-hand rule

phys. 1. A rule for finding the direction of the magnetic field produced by a current flowing through a wire: if the right hand is placed as if to grasp the wire, with the thumb pointing in the direction of the current, the fingers curl in the direction of the magnetic field; also called Ampère’s rule.
2. (More fully “Fleming’s right-hand rule”) a rule for finding the direction of the current induced in a wire when it moves through a magnetic field: if the first finger, second finger, and thumb of the right hand are held out perpendicular to each other, with the thumb pointing in the direction of motion of the wire and the first finger in the direction of the field, then the second finger points in the direction of the induced current.
༡ གློག་སྐུད་ཅིག་ཏུ་གློག་རྒྱུན་རྒྱུ་བ་ལ་བརྟེན་ནས་བསྐྲུན་པའི་ཁབ་ལེན་ར་བའི་ཁ་ཕྱོགས་འཚོལ་ཐབས་ཀྱི་ཁྲིམས་ཤིག་སྟེ། གལ་ཏེ་ལག་པ་གཡས་པས་གློག་སྐུད་ཅིག་སྦར་འཇུ་བྱས་པའི་དབང་དུ་བཏང་ཚེ་མཐེ་བོང་གིས་གློག་རྒྱུན་གྱི་ཁ་ཕྱོགས་སྟོན་པ་དང་། མཛུབ་མོ་གཞན་རྣམས་ཁབ་ལེན་ར་བའི་ཁ་ཕྱོགས་སུ་བཀུག་ཡོད། འདི་ལ་ཨེམ་པིར་གྱི་ཁྲིམས་ཞེས་ཀྱང་བརྗོད། ༢ (མིང་ཆ་ཚང་བ་ཧྥི་ལེ་མིན་གྱི་ལག་གཡས་ཁྲིམས་སྲོལ་ཡིན།) ཁབ་ལེན་ར་བ་ཞིག་ཏུ་གློག་སྐུད་ཅིག་འགུལ་སྐྱོད་གཏོང་སྐབས་གློག་སྐུད་དེའི་ནང་དུ་སྐུལ་སྐྲུན་བྱས་པའི་གློག་རྒྱུན་གྱི་ཁ་ཕྱོགས་འཚོལ་ཐབས་ཀྱི་ཁྲིམས་ཤིག་སྟེ། གལ་ཏེ་ལག་པ་གཡས་པའི་མཐེ་བོང་དང་། གོང་མཛུབ། དཀྱིལ་མཛུབ་བཅས་ཕན་ཚུལ་དྲང་འཕྱང་གི་ཚུལ་དུ་མཐེ་བོང་གིས་གློག་སྐུད་ཀྱི་འགུལ་སྐྱོད་ཀྱི་ཁ་ཕྱོགས་དང་། གོང་མཛུབ་ཀྱིས་ཁབ་ལེན་ར་བའི་ཁ་ཕྱོགས་སྟོན་གྱི་ཡོད་ཚེ། དཀྱིལ་མཛུབ་ཀྱིས་སྐུལ་སྐྲུན་བྱས་པའི་གློག་རྒྱུན་གྱི་ཁ་ཕྱོགས་སྟོན་ནོ།