trochlear nerve
neurosci. Either of the fourth pair of cranial nerves that originates in the midbrain and innervates a muscle of the eyeball. བར་ཀླད་ནས་ཐོན་ཏེ་མིག་རིལ་གྱི་ཤ་སྒྲིམ་ལ་མཐུད་པའི་ཐོད་རུས་དབང་རྩ་ཆ་བཞི་པའི་ནང་གི་གང་རུང་ཞིག
trophic level
biol. The position of a species or a group of species within a food chain or food web. ཟས་ཕྲེང་ངམ་ཟས་དྲ་ཞིག་གི་ནང་དུ་ཉེ་རིགས་གཅིག་གམ་ཉེ་རིགས་ཀྱི་སྡེ་ཚན་ཞིག་གིས་བཟུང་བའི་གོ་གནས་ལ་གོ
trophoblast
biol. The outer layer of the mammalian blastocyst that supplies nutrition to the embryo and facilitates implantation. ནུ་གསོས་སྲོག་ཆགས་ཀྱི་མྱུག་གཟུགས་ཀྱི་རིམ་པ་ཕྱི་མ་ལ་ཟེར་ཞིང་། འདིས་སྦྲུམ་སྲིང་ལ་འཚོ་བཅུད་མཁོ་སྤྲོད་བྱེད་པ་དང་། ཐོགས་འབྱར་ལ་མཐུན་སྦྱོར་བྱེད།
tropomyosin
biol. A protein involved in muscle contraction. It is related to myosin and occurs together with troponin in the thin filaments of muscle tissue. ཤ་སྒྲིམ་བསྡུ་འཁུམ་གྱི་སྐབས་སུ་བྱེད་ལས་འདོན་པའི་སྤྲི་རྫས་ཤིག འདི་ནི་གྲིམ་སྤྲི་དང་འབྲེལ་བ་ཡོད་ཅིང་། ཤ་སྒྲིམ་ཕུང་གྲུབ་ཀྱི་ཉག་ཕྲན་ཕྲ་མོའི་ནང་དུ་འགྱུར་སྤྲི་དང་ལྷན་དུ་འབྱུང་གི་ཡོད།
troponin
biol. A globular protein complex involved in muscle contraction. It occurs with tropomyosin in the thin filaments of muscle tissue. ཤ་སྒྲིམ་བསྡུ་འཁུམ་ལ་འབྲེལ་བ་ཡོད་པའི་ཟླུམ་དབྱིབས་ཀྱི་སྤྲི་རྫས་ཚོམས་བུ་ཞིག འདི་ནི་འགྱུར་གྲིམ་སྤྲི་རྫས་དང་ལྷན་དུ་ཤ་སྒྲིམ་ཕུང་གྲུབ་ཀྱི་ཉག་ཕྲན་ཕྲ་མོའི་ནང་དུ་འབྱུང་གི་ཡོད།