transience
phil. The state or fact of lasting only for a short time; transitoriness. དུས་ཡུན་ཐུང་ངུའི་རིང་ལ་གནས་པའི་གནས་བབ་སམ་རང་བཞིན་ཏེ། སྐད་ཅིག་མའི་རང་བཞིན།
transition
phys A change of an atom, nucleus, electron, etc. from one quantum state to another, with emission or absorption of radiation. རྡུལ་ཕྲན་དང་། ལྟེ་རྡུལ། གློག་རྡུལ་ལ་སོགས་པས་འགྱེད་འཕྲོ་བསྐྲུན་པའམ་འཇིབ་པ་དང་ལྷན་དུ་ཚད་རྡུལ་གྱི་གནས་བབ་ཅིག་ནས་ཚད་རྡུལ་གྱི་གནས་བབ་གཞན་ཞིག་ལ་འཕོ་བའི་འགྱུར་བ།
translation
biol. The process by which the nucleotide base sequence of messenger RNA is converted by ribosomes into a sequence of amino acids to form a polypeptide. རཻ་སྦོ་ཕྲ་གཟུགས་ཀྱིས་བང་ཆེན་ཨར་ཨེན་ཨེ་ཡི་ཉིང་རྡུལ་གྲུབ་ཆའི་གཞི་རྩའི་འཁོད་རིམ་དེ་ཨེ་མི་ནོ་སྐྱུར་རྫས་ཀྱི་འཁོད་རིམ་དུ་བརྗེ་སྒྱུར་བྱས་ཏེ་མང་ཟློས་སྤྲི་རྩི་གྲུབ་པར་བྱེད་པའི་རྒྱུད་རིམ་ཞིག
translational motion
phys. Motion in which all points of a moving body move uniformly in the same line or direction འགུལ་སྐྱོད་བྱེད་ཀྱིན་པའི་དངོས་པོ་ཞིག་གི་ཆ་ཤས་ཐམས་ཅད་ཆ་སྙོམས་པོའི་སྒོ་ནས་དྲང་ཐིག་གཅིག་གི་རྒྱུད་དུ་འགུལ་བའམ་ཁ་ཕྱོགས་གཅིག་ཏུ་འགུལ་བའི་འགུལ་སྐྱོད།
translocation
The movement of something from one place to another. དངོས་པོ་ཞིག་གནས་གཅིག་ནས་གཞན་ཞིག་ཏུ་སྤོ་བ།