time dilation
phys. The principle, predicted by Einstein’s special theory of relativity, that intervals of time are not absolute but are relative to the motion of the observers. ཨ་ཡིན་སི་ཊན་གྱི་དམིགས་བསལ་ལྟོས་གྲུབ་ཀྱི་རྣམ་གཞག་གིས་དུས་ཡུན་གྱི་བར་མཚམས་ནི་ལྟོས་མེད་ཅིག་མིན་པར་འགུལ་བ་པོའི་འགུལ་སྐྱོད་ཀྱི་གནས་སྟངས་ལ་རག་ལས་ཚུལ་རྗེས་སུ་དཔག་པའི་རྣམ་གཞག་ཅིག
time travel
phys. Hypothetical transport through time into the past or the future. ད་ལྟའི་དུས་ལས་བརྒལ་ཏེ་འདས་པའམ་མ་འོངས་པའི་དུས་ལ་འགྲོ་བའི་རྟོག་བཟོའི་འགྲུལ་བཞུད་ཅིག
time warp
phys. The idea of a change in the measurement of time, in which people and events from one part of history are imagined as existing in another part. དུས་འཇལ་སྟངས་ལ་འགྱུར་བ་ཕྱིན་པའི་འཛིན་སྟངས་ཤིག་སྟེ། འདི་རུ། ལོ་རྒྱུས་ཀྱི་ཆ་ཤས་ཤིག་གི་མི་དང་བྱུང་བ་རྣམས་ལོ་རྒྱུས་ཀྱི་ཆ་ཤས་གཞན་ཞིག་ལ་ཡོད་པར་སྣང་གི་ཡོད།
tipping point
phys. A critical moment in a complex situation in which a small influence or development produces a sudden large or irreversible change. རྙོག་འཛིང་ཅན་གྱི་གནས་སྟངས་ཤིག་གི་ནང་དུ་ཤུགས་རྐྱེན་ཆུང་ངུ་ཞིག་གམ་གནས་ཚུལ་ཆུང་ངུ་ཞིག་གིས་གློ་བུར་བའི་འགྱུར་བ་ཆེན་པོ་ཞིག་གམ་བསྐྱར་ལྡོག་མི་ནུས་པའི་འགྱུར་བ་ཞིག་སྐྲུན་པར་བྱེད་པའི་གལ་འགངས་ཆེ་བའི་གནས་སྐབས་དེ་ལ་གོ
tissue culture
biol. The technique or process of maintaining or cultivating cells or tissues derived from a living organism in a culture medium. གསོ་བྱེད་ཀྱི་རྫས་ཤིག་ཏུ་སྲོག་ལྡན་སྐྱེ་དངོས་ནས་བླངས་བའི་ཕྲ་ཕུང་ངམ་ཕུང་གྲུབ་འཚོ་སྐྱོང་དང་འདེབས་འཛུགས་བྱེད་པའི་རྒྱུད་རིམ་མམ་བྱ་ཐབས་ལ་གོ