rhesus monkey
biol. A brown to grayish monkey found from Pakistan to eastern China and used extensively in biological and medical research. སྐྱེ་དངོས་དང་སྨན་གྱི་བརྟག་དཔྱད་དུ་ཤུགས་ཆེར་བེད་སྤྱོད་བྱེད་ཅིང་པ་ཀི་སི་ཐན་ནས་རྒྱ་ནག་གི་ཤར་ཕྱོགས་ཀྱི་བར་དུ་གནས་པའི་སྤྲེའུ་སྨུག་པོའམ་སྐྱ་བོ་ཞིག
rheumatoid arthritis
biol. A serious disease that continues to become worse over a long period of time and that causes the joints to become very painful, stiff, and swollen. དུས་ཡུན་རིང་པོ་ཞིག་གི་རིང་ལ་མུ་མཐུད་ནས་ཇེ་སྡུག་ཏུ་འགྲོ་ཞིང་། ལྷུ་ཚིགས་ལ་ཟུག་རྔུ་དྲག་པོ་སྤྲོད་པ་དང་། ལྷུ་ཚིགས་མཁྲེགས་པོ་དང་སྐྲངས་བར་འགྱུར་བའི་ནད་ཚབས་ཆེན་ཞིག
rhinal sulcus
neurosci. The shallow sulcus that delimits the anterior part of the parahippocampal gyrus from the fusiform gyrus and marks the border between the neocortex and the areas medial to it མཚོ་རྟའི་མཐའ་འཁོར་ཟེ་རྒྱུད་ཀྱི་མདུན་ངོས་དེ་འཕང་དབྱིབས་ཟེ་རྒྱུད་ལས་དབྱེ་མཚམས་འབྱེད་ཅིང་། ཀླད་ཤུན་གསར་མ་དང་དེའི་ནང་ལོགས་ཀྱི་ས་ཁུལ་གཉིས་ཀྱི་ས་མཚམས་ཡིན་པའི་ཀླད་སུལ་གཏིང་ཐུང་ཐུང་ཞིག
rhizobium bacteria
biol. A nitrogen-fixing bacterium that is common in the soil, especially in the root nodules of leguminous plants. ས་ནང་དུ་འབེལ་པོ་ཡོད་པ་དང་ལྷག་པར་དུ་གང་བུ་ཅན་གྱི་རྩི་ཞིང་གི་རྩ་བའི་མདུད་རྡོག་གི་ནང་དུ་འབེལ་པོ་ཡོད་པའི་ཟེ་རླུང་སྒྱུར་བཀོལ་བྱེད་མཁན་གྱི་ཕྲ་སྲིན་ཞིག
rhombencephalon
neurosci. The posterior part of the three primary vesicles in the vertebrate embryo, later dividing into the metencephalon and myelencephalon. སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་སྦྲུམ་སྲིང་ནང་གི་ལྒང་བུ་གཙོ་བོ་གསུམ་གྱི་རྒྱབ་ཕྱོགས་ཀྱི་ཆ་ཤས་ལ་གོ་ཞིང་། ཕྱིས་སུ་ཀླད་རིམ་འོག་མ་དང་ཀླད་རིམ་ཞབས་མ་གཉིས་སུ་གྱེས་འགྲོ་བ་ཡིན།