resolution
phys. Ability of an optical system to make clear or to separate the components of an object viewed. འོད་རིག་ཡོ་བྱད་ཀྱི་མ་ལག་ཅིག་གིས་བལྟ་སའི་དངོས་པོ་གསལ་པོ་བཟོ་བའམ་གྲུབ་ཆ་ཁ་ཁར་དབྱེ་བའི་ནུས་པ།
resonance
phys. Phenomenon that occurs when the frequency of forced vibrations on an object matches the object’s natural frequency, producing a dramatic increase in amplitude. དངོས་པོ་ཞིག་གི་སྟེང་དུ་བསྐྲུན་པའི་སྐུལ་འདར་གྱི་ཟློས་ཕྱོད་དེ་དངོས་པོ་དེའི་རང་བྱུང་གི་ཟློས་ཕྱོད་དང་མཚུངས་སྐབས་འདར་དཔངས་ཧ་ཅང་ཆེ་རུ་འགྲོ་བའི་སྣང་ཚུལ།
respiration
biol. The process in living organisms of taking in oxygen from the surroundings and giving out carbon dioxide སྐྱེ་དངོས་ཀྱིས་ཁོར་ཡུག་ནས་འཚོ་རླུང་ལེན་པ་དང། ཕྱི་རོལ་དུ་ཁར་སྦོན་འཚོ་རླུང་གཉིས་ལྡན་གློད་པའི་རྒྱུད་རིམ་ལ་གོ
respiratory centers
biol. A region of the central nervous system which exercises control over respiration. དབུགས་འབྱིན་རྔུབ་ལ་ཚོད་འཛིན་བྱེད་མཁན་གྱི་དབང་རྩ་ལྟེ་བའི་མ་ལག་གི་ཆ་ཤས་ཤིག