radioactive zone
phys. The layer of a star that lies just outside the core, to which radiant energy is transferred from the core in the form of photons. སྐར་མའི་ལྟེ་དབུས་ནས་འགྱེད་འཕྲོའི་ནུས་པ་དེ་འོད་རྡུལ་གྱི་ངོ་བོའི་ཐོག་ནས་སྐྱེལ་འདྲེན་བྱེད་སའི་སྐར་མའི་ལྟེ་དབུས་ཀྱི་ཕྱི་ཏག་ཏག་གི་རིམ་པ་དེ་ལ་གོ
radioactivity
phys. The spontaneous disintegration of certain atomic nuclei accompanied by the emission of alpha-particles (helium nuclei), beta-particles (electrons or positrons), or gamma radiation (short-wavelength electromagnetic waves.) ཨལ་ཕ་རྡུལ་(ཧེ་ལིམ་གྱི་ལྟེ་རྡུལ་)ལམ། བྷེ་ཊ་རྡུལ(གློག་རྡུལ་ལམ་ཕོ་རྡུལ་ལྡོག་མ་)། ཡང་ན་གྷ་མ་འཕྲོ་ཟེར་(རླབས་ཐག་ཐུང་བའི་གློག་ཁབ་ལེན་གྱི་རླབས་)གློད་ཞོར་རང་དབང་གི་སྒོ་ནས་རྡུལ་ཕྲན་གྱི་ལྟེ་རྡུལ་ངེས་ཅན་ཞིག་ལ་བྱུང་བའི་བཤིག་འགྱུར་ལ་གོ
radioisotopes
phys. Isotope of an element that is intrinsically unstable and is likely to emit ionizing radiation as a result of radioactive decay to a more stable form. རང་བཞིན་གྱིས་བརྟན་པོ་མེད་ཅིང་གྱེས་རྡུལ་སྐྱེད་པའི་འགྱེད་འཕྲོ་སྤྲོ་བའི་སྒོ་ནས་སྔར་ལས་བརྟན་པའི་ངོ་བོར་འགྱེད་འཕྲོའི་ཟད་འགྱུར་བྱེད་པའི་གནས་མཉམ་རྩ་རྫས་ཤིག
radiometric dating
phys. A method for determining the age of an object based on the concentration of a particular radioactive isotope contained within it. དངོས་པོ་ཞིག་གི་ནང་དུ་ཡོད་པའི་འགྱེད་འཕྲོའི་རང་བཞིན་ཅན་གྱི་རྩ་རྫས་ཤིག་གི་འདུས་ཚད་གཞི་ལ་བཞག་སྟེ་དངོས་པོ་དེའི་ལོ་ཚད་རྩིས་པའི་ཐབས་ལམ་ཞིག
radiometry
phys. The detection and measurement of radiation fields, their spectral intensities, and energies. འགྱེད་འཕྲོའི་ར་བ་དང་། དེ་དག་གི་འོད་ཤལ་གྱི་བཀྲག་ཚད། ནུས་པ་བཅས་རྩད་གཅོད་དང་ཚད་འཇལ་བྱེད་པ་ལ་གོ