rapid eye movement (REM)
biol. Rapid movement of the eyes that occurs during the phases of sleep when dreaming is taking place. རྨི་ལམ་རྨི་བའི་གཉིད་ཀྱི་གནས་སྐབས་སུ་བྱུང་བའི་མིག་གི་འགུལ་སྐྱོད་མྱུར་མོ་ལ་གོ
rarefaction
phys. 1. The condition of being rarefied. 2. a. A decrease in density and pressure in a medium, such as air, caused by the passage of a sound wave. b. The region in which this occurs. ༡ ཇེ་ཉུང་དུ་གྱུར་བའི་གནས་སྟངས། ༢ ཀ) སྒྲ་རླབས་རྒྱུ་བ་ལ་བརྟེན་ནས་རླུང་ཁམས་ལྟ་བུའི་རྒྱུད་ལམ་གྱི་སྟུག་ཚད་དང་གནོན་ཤུགས་ཇེ་ཆུང་དུ་སོང་བ། ཁ) འདི་བྱུང་སའི་ས་ཁུལ།
rate of reaction
chem. The velocity of a chemical reaction, expressed in terms of either the rate of formation of products or the rate of disappearance of reactants. རྫས་སྦྱོར་ཞིག་གི་མགྱོགས་ཚད་ལ་གོ་ཞིང་། རྫས་སྦྱོར་དེའི་ནང་གི་ཐོན་རྫས་གྲུབ་པའི་མགྱོགས་ཚད་དམ་འགྱུར་རྫས་མེད་པར་འགྱུར་བའི་མགྱོགས་ཚད་ཀྱི་ངོ་བོར་མཚོན་པར་བྱེད།
ratio
math. The quantitative relation between two amounts showing the number of times one value contains or is contained within the other. གྲངས་འབོར་གཉིས་དབར་གྱི་མང་ཉུང་གི་འབྲེལ་བ་ཞིག་སྟེ་གྲངས་འབོར་དང་པོ་རུ་གྲངས་འབོར་གཉིས་པ་དེ་ལྡབ་ག་ཚོད་ཡོད་པའམ་གྲངས་འབོར་དང་པོ་དེའི་ལྡབ་ག་ཚོད་ཅིག་གྲངས་འབོར་གཉིས་པ་དེའི་ནང་དུ་ཡོད་མིན་སྟོན་པའོ།