rabies (rabid)
biol. A contagious and fatal viral disease of dogs and other mammals, transmissible through the saliva to humans and causing madness and convulsions. ཁྱི་དང་ནུ་གསོས་སྲོག་ཆགས་གཞན་ལ་ཡོད་པའི་འགོས་ཉེན་ཆེ་ཞིང་ཚབས་ཆེ་བའི་གཉན་སྲིན་གྱི་ན་ཚ་ཞིག་ལ་གོ་ཞིང་། མཆིལ་མ་བརྒྱུད་ནས་མི་ལ་འགོ་ཐུབ་པ་དང་། སྨྱོན་པའི་རང་བཞིན་དང་རྩ་འཆུས་འབྱུང་དུ་འཇུག
radiant energy
phys. Any energy, including heat, light, and X-rays, that is transmitted by radiation. It occurs in the form of electromagnetic waves. དྲོད་དང་། འོད། གློག་པར་ཐེ་བའི་འགྱེད་འཕྲོ་ལ་བརྟེན་ནས་ཁྱབ་གཏོང་བྱེད་པའི་ནུས་པ་གང་རུང་རུང་ཞིག། འདི་ནི་གློག་ཁབ་ལེན་གྱི་རླབས་ཀྱི་ངོ་བོར་འབྱུང་།
radiation
phys. (a) Energy transmitted by electromagnetic waves. (b) The particles given off by radioactive atoms such as uranium. Do not confuse radiation with radioactivity. (ཀ) གློག་ཁབ་ལེན་གྱི་རླབས་ཀྱིས་འཕྲོ་གཏོང་བྱས་པའི་ནུས་པ། (ཁ) ཡུ་རེ་ནི་ཡམ་ལྟ་བུའི་འགྱེད་འཕྲོའི་རང་བཞིན་ཅན་གྱི་རྡུལ་ཕྲན་གྱིས་གློད་པའི་རྡུལ། འགྱེད་འཕྲོ་དང་འགྱེད་འཕྲོའི་རང་བཞིན་གཉིས་ནོར་མི་རུང་།