reactivate
neurosci. To restore the ability to function or the effectiveness of. བྱེད་ལས་སམ་ཤུགས་རྐྱེན་སྐྲུན་པའི་ནུས་པ་བསྐྱར་གསོ།
reafference
neurosci. Sensory stimulation caused by movements of the body (proprioceptive feedback), especially as contrasted with that caused by external stimuli. ལུས་པོའི་འགུལ་སྐྱོད་ (བབས་ཚོར་གྱི་ལྡོག་གསོ་) ཀྱིས་སྐྱེད་པའི་དབང་ཚོར་སྐུལ་སློང་ལ་གོ་ཞིང་། བྱེ་བྲག་ཏུ་ཕྱིའི་སྐུལ་རྐྱེན་སྐྱེད་པའི་དབང་ཚོར་སྐུལ་སློང་ལ་བསྡུར་བ་ཞིག་ཡིན།
real image
phys. Image formed by light rays that converge at the location of the image. A real image, unlike a virtual image, can be displayed on a screen. གཟུགས་བརྙན་གྱི་གནས་དེར་འཕྲོ་ཟེར་འདུས་ཏེ་གྲུབ་པའི་གཟུགས་བརྙན། གཟུགས་བརྙན་དངོས་མ་ནི་གཟུགས་བརྙན་ལྟར་སྣང་བ་དང་མི་མཚུངས་པར་བརྙན་ཡོལ་ངོས་སུ་བསྟན་ཆོག
realism
phil. The scholastic doctrine, opposed to nominalism, that universals exist independently of their being thought. སྣང་སྲིད་ཐ་དད་དུ་འདོད་པའི་གྲུབ་མཐའ་དང་འགལ་ཟླར་གྱུར་བའི་རིགས་པའི་རྗེས་འབྲངས་ཀྱི་ལྟ་བ་ཞིག་ལ་གོ་ཞིང་། རང་བཞིན་གྱི་གནས་ལུགས་ནི་བསམ་གཞིག་ལ་མ་བརྟེན་པར་རང་རྐྱ་ཐུབ་པའི་སྒོ་ནས་གནས་པར་བརྗོད།