progesterone
biol. A steroid hormone released by the corpus luteum that stimulates the uterus to prepare for pregnancy. སྐྱི་ཁུག་སེར་རིལ་གྱིས་གློད་འདོན་བྱས་ཤིང་བུ་སྣོད་ལ་སྐུལ་རྐྱེན་སྤྲད་དེ་མངལ་ཆགས་པར་གྲ་སྒྲིག་བྱེད་དུ་འཇུག་མཁན་གྱི་ཞག་འདུས་རྨེན་རྫས་ཤིག
projectile
phys. Any object that moves through the air or through space, acted on only by gravity (and air resistance, if any). འཐེན་ཤུགས་ཀྱི་ཤུགས་རྐྱེན་ (དང་རླུང་གི་འགོག་ཤུགས་) ཁོ་ནར་བརྟེན་ནས་རླུང་ཁམས་སམ་མཁའ་དབྱིངས་སུ་བགྲོད་པའི་དངོས་པོ་གང་ཡང་རུང་བ་ཞིག།
prokaryote
biol. A microscopic single-celled organism which has neither a distinct nucleus with a membrane nor other specialized organelles, including the bacteria and cyanobacteria སྐྱི་མོ་ཅན་གྱི་ལྟེ་ཉིང་ལོགས་སུ་མེད་ཅིང་ཆེད་ལས་རང་བཞིན་གྱི་དབང་ཕྲ་ཡང་མེད་པའི་ཕྲ་ཕུང་གཅིག་ལྡན་གྱི་ཕྲ་བའི་སྐྱེ་དངོས་སྲིན་བུ་དང་སྔོ་སྲིན་ལ་སོགས་པ་ལྟ་བུར་གོ