primary structure
biol. The sequence of amino acids in a peptide or protein, or the sequence of nitrogenous bases in a nucleic acid. སྤྲི་རྫས་སམ་སྤྲི་རྩིའི་ནང་དུ་ཡོད་པའི་ཨེ་མི་ནོ་སྐྱུར་རྫས་ཀྱི་འཁོད་རིམ་མམ། ཡང་ན་ལྟེ་ཉིང་སྐྱུར་རྫས་ཀྱི་ནང་དུ་ཡོད་པའི་ཟེ་རླུང་ཅན་གྱི་གཞི་རྫས།
primary visual cortex
neurosci. Initial portion of the visual cortex activated by stimulation of visual pathways via the LGN. གཞོགས་ཀྱི་ལྷ་ངའི་ཚོམས་བུ་རྒྱུད་ནས་མཐོང་ཚོར་རྒྱུ་ལམ་ལ་སྐུལ་སློང་བྱས་པ་ལ་བརྟེན་ནས་སད་སློང་ཐེབས་པའི་མཐོང་ཚོར་ཀླད་ཤུན་གྱི་ཐོག་མའི་ཆ་ཤས་དེ་ལ་གོ
principal axis
phys. Line joining the centers of curvature of the surface of a lens. Line joining the center of curvature and the focus of a mirror. དྭངས་ཤེལ་ཞིག་གི་གུག་ངོས་ཀྱི་ལྟེ་བ་གཉིས་མཐུད་བྱེད་ཀྱི་ཐིག མེ་ལོང་ཞིག་གི་གུག་ངོས་ཀྱི་ལྟེ་བ་དང་འདུ་གནས་གཉིས་མཐུད་བྱེད་ཀྱི་ཐིག
principle
phil. General hypothesis or statement about the relationship of natural quantities that has been tested over and over again and has not been contradicted; also known as a law. ཡང་ནས་བསྐྱར་དུ་བརྟག་དཔྱད་བྱས་ཀྱང་དགག་བྱ་མ་བྱུང་བའི་རང་བྱུང་ཁམས་ཀྱི་འབོར་ཚད་དབར་གྱི་འབྲེལ་བའི་སྐོར་ཀྱི་སྤྱི་ཁྱབ་ཀྱི་ཚོད་གཞག་གམ་སྡོམ་ཚིག་ཅིག […]
principle of equivalence
phys. Observations made in an accelerating frame of reference are indistinguishable from observations made in a gravitational field. མུར་སྣོན་ཅན་གྱི་ལྟོས་གཞི་ཞིག་ཏུ་བསྒྲུབས་པའི་རྟོག་ཞིབ་ནི་འཐེན་ཤུགས་ར་བ་ཞིག་ཏུ་བསྒྲུབས་པའི་རྟོག་ཞིབ་ལས་ལོགས་སུ་བགར་མི་ཐུབ།