peptide bond
biol. The chemical bond between carboxyl groups and amino groups of neighboring amino acids, forming an amide group and constituting the primary linkage of all protein structures. ཨེ་མི་ནོ་སྐྱུར་རྫས་ཤིག་གི་ཁར་བྷོག་སིལ་སྡེ་ཚན་དང་ཉེ་འགྲམ་གྱི་ཨེ་མི་ནོ་སྐྱུར་རྫས་གཞན་ཞིག་གི་ཨེ་མི་ནོ་སྡེ་ཚན་གཉིས་ཀྱི་དབར་དུ་གྲུབ་པའི་རྫས་སྦྱོར་གྱི་འཆིང་བ་དེ་ལ་གོ་ཞིང་། ཨ་མཡེཌ་སྡེ་ཚན་ཞིག་གྲུབ་པར་བྱེད་ལ་སྤྲི་རྫས་ཀྱི་ཆགས་བཀོད་ཀྱི་ཐོག་མའི་མཐུད་སྦྱོར་གྱི་ཆ་ཤས་སུ་འགྱུར་གྱི་ཡོད།
peptide hormone
biol. Peptide hormones are a class of peptides that are secreted into the blood stream and have endocrine functions in living animals. Examples are luteinizing hormone, follicle stimulating hormone, etc. སྤྲི་རྩི་རྨེན་རྫས་ནི་སྲོག་ལྡན་སྲོག་ཆགས་ཀྱི་ཁྲག་གི་ནང་དུ་གློད་ཅིང་ནང་རྨེན་གྱི་བྱེད་ལས་སྒྲུབ་མཁན་གྱི་སྤྲི་རྩའི་སྡེ་ཚན་ཞིག་ཡིན། དཔེར་ན། སེར་ཁུག་སྐྱེད་རྨེན་དང་། ལྒང་ཕྲ་སྐུལ་བའི་རྨེན་རྫས་ལ་སོགས་པའོ།
peptidoglycan
biol. A polymer found in the cell walls of prokaryotes that consists of polysaccharide and peptide chains in a strong molecular network. ཉིང་བྲལ་སྐྱེ་དངོས་ཀྱི་ཕྲ་ཕུང་ཕྱི་ཤུན་དུ་ཡོད་པའི་ཟློས་རྫས་ཤིག་ཡིན་ཞིང་། འདུས་རྡུལ་གྱི་དྲ་ཚོགས་བརྟན་པོའི་ནང་དུ་ཡོད་པའི་ཀ་ར་མང་ལྡན་དང་སྤྲི་རྩིའི་ཕྲེང་བ་ཡིས་གྲུབ་པ་ཡིན།