permeability
phys. The rate of flow of a liquid or gas through a porous material. བུ་ག་ཅན་གྱི་དངོས་པོ་ཞིག་བརྒྱུད་ནས་གཤེར་གཟུགས་སམ་རླངས་གཟུགས་སིམ་བརྒྱུད་བྱེད་པའི་ཚད་གཞི།
perpendicular
math. At an angle of 90° to a given line, plane, or surface or to the ground. དྲང་ཐིག་གམ། སྙོམས་ངོས་སམ། ངོས་སམ། ཡང་ན། ས་ངོས་ངེས་ཅན་ཞིག་ལ་ཟུར་ཚད་ ༩༠ གྲུབ་པའི་སྒོ་ནས་སྦྲེལ་བ།
perpetual motion
phys. The hypothetical continuous operation of an isolated mechanical device or other closed system without a sustaining energy source. རྒྱུན་བསྲིངས་པའི་ནུས་པའི་འབྱུང་ཁུངས་ཤིག་མེད་ཀྱང་། ཁེར་རྐྱང་དུ་གནས་པའི་འཕྲུལ་ལས་ཡོ་ཆས་ཤིག་གམ་མ་ལག་ཅིག་གི་རྟོག་བཏགས་ཀྱི་རྒྱུན་གནས་བྱེད་སྒོ
perpetual-motion machine
phys. A machine that can continue to do work indefinitely without drawing energy from some external source; impossible under the law of conservation of energy. ཕྱི་ནས་ནུས་པ་མ་བླངས་པར་ལས་ཀ་མཚམས་མི་ཆད་པར་བྱེད་ཐུབ་པའི་འཕྲུལ་ཆས་ཤིག ནུས་པ་ཉར་ཚགས་ཀྱི་གཏན་ཁྲིམས་ལྟར་ན་འདི་འདྲ་ཡོང་མི་སྲིད།
persistence
The fact of continuing in an opinion or course of action in spite of difficulty or opposition. དཀའ་ངལ་དང་འགལ་ཟླ་ལ་མ་ལྟོས་པར་ལྟ་བ་ཞིག་གམ་བྱ་གཞག་ཅིག་མུ་མཐུད་པའི་བྱ་བ།