particle collider
phys. A particle accelerator used to bring about collisions between particles or atoms in order to study their behavior or create isotopes. རྡུལ་ལམ་རྡུལ་ཕྲན་གྱི་ཁྱད་ཆོས་ལ་བརྟག་དཔྱད་བྱེད་པའམ། ཡང་ན་གནས་མཉམ་རྩ་རྫས་སྐྲུན་པའི་ཆེད་དུ་ཕྲ་རྡུལ་ལམ་རྡུལ་ཕྲན་ཕན་ཚུན་རྡུང་ཁ་རྒྱག་ཏུ་འཇུག་བྱེད་ཀྱི་མྱུར་སྣོན་རྡུལ་ཆས་ཤིག
particle physics
phys. The study of elementary particles. རྩ་རྡུལ་ལ་བརྟག་དཔྱད་བྱེད་པའི་རིག་པ།
pascal (Pa)
phys. SI unit of pressure. One pascal of pressure exerts a normal force of 1 newton per square meter. A kilopascal (kPa) is 1000 pascals. གནོན་ཤུགས་ཀྱི་རྒྱལ་སྤྱིའི་ཚད་ལྡན་བརྩི་གཞི། གནོན་ཤུགས་པ་སི་ཀལ་གཅིག་གིས་རྒྱ་ཁྱོན་མི་ཊར་གྲུ་བཞི་མ་གཅིག་གི་ངོས་སུ་དྲང་ཤུགས་ནེའུ་ཊོན་ ༡ འདོན་པར་བྱེད། ཀི་ལོ་པ་སི་ཁལ་ […]
Pascal’s principle
phys. Changes in pressure at any point in an enclosed fluid at rest are transmitted undiminished to all points in the fluid and act in all directions. ཁ་བཏུམས་ཤིང་འགུལ་མེད་ཀྱི་རྒྱུག་གཟུགས་ཤིག་གི་གནས་གང་རུང་རུང་ཞིག་ཏུ་འགྱུར་བ་བཏང་བའི་གནོན་ཤུགས་ནི་གནས་ཐམས་ཅད་ལ་ཇེ་ཆུང་དུ་མ་སོང་བའི་སྒོ་ནས་རྒྱུད་གཏོང་བྱེད་ཅིང་ཕྱོགས་ཐམས་ཅད་ལ་ཁྱབ་པར་བྱེད།
passive immunity
biol. Immunity acquired by the transfer of antibodies from another individual, as through injection or placental transfer to a fetus. གང་ཟག་གཞན་ཞིག་གི་འགོག་གཟུགས་དེ་སྨན་ཁབ་རྒྱག་པའམ་ཤ་མ་རྒྱུད་ནས་སྦྲུམ་སྲིང་ལ་རྒྱུད་གཏོང་བྱེད་པ་ལྟ་བུ་ལ་བརྟེན་ནས་ཐོབ་པའི་ནད་འགོག་ནུས་པ་ལ་གོ