oscillation
phys. Same as vibration: a repeating to-and-fro motion about an equilibrium position. Both oscillation and vibration refer to periodic motion, that is, motion that repeats. འདར་འགུལ་དང་མཚུངས་པར་དོ་མཉམ་གྱི་གནས་ཤིག་གི་ཕྱོགས་གཉིས་སུ་བསྐྱར་ཟློས་ཀྱི་འགུལ་སྐྱོད་བྱེད་པ། ཟློས་འགུལ་དང་འདར་འགུལ་གཉིས་ཀྱིས་དུས་མཚམས་ཅན་གྱི་འགུལ་སྐྱོད་དེ། བསྐྱར་ཟློས་བྱེད་པའི་འགུལ་སྐྱོད་མཚོན།
oscillator
phys. 1. A circuit or instrument for producing an alternating current or voltage of a required frequency 2. Any instrument for producing oscillations ༡ ངེས་པར་མཁོ་བའི་ཟློས་ཕྱོད་ཅན་གྱི་སྤེལ་རྒྱུག་གློག་རྒྱུན་ནམ་སྤེལ་རྒྱུག་ཝོལ་ཚད་སྐྲུན་བྱེད་ཀྱི་གློག་ལམ་མམ་ཡོ་ཆས་ཤིག ༢ ཟློས་འགུལ་སྐྲུན་བྱེད་ཀྱི་ཡོ་ཆས་གང་རུང་རུང་ཞིག
oscillatory motion
phys. To-and-fro vibratory motion, such as that of a pendulum. དཔྱང་རྡོའི་འགུལ་སྐྱོད་དང་མཚུངས་པར་ཕར་ཚུར་གཡོ་བའི་འདར་འཁྲུག་གི་འགུལ་སྐྱོད།
oscilloscope
phys. An electronic instrument that produces an instantaneous trace on the screen of a cathode-ray tube corresponding to oscillations of voltage and current. ཝོལ་ཚད་དང་གློག་རྒྱུན་གྱི་ཟློས་འགུལ་དང་འབྲེལ་བའི་ཐིག་རིས་ཤིག་མོ་སྣེ་ཟེར་སྦུག་གི་བརྙན་ཡོལ་ངོས་སུ་སྐད་ཅིག་ཉིད་དུ་སྟོན་པར་བྱེད་པའི་གློག་ཆས་ཤིག