oral cavity
biol. The space in the mouth that contains the teeth, salivary ducts, and tongue. སོ་དང་། མཆིལ་མའི་སྦུ་གུ ལྕེ་བཅས་ཡོད་སའི་ཁ་ནང་གི་སྟོང་ཆ་ལ་གོ
orbitofrontal cortex
neurosci. The area of the cerebral cortex located at the base of the frontal lobes above the orbits (or eye sockets), involved especially in social and emotional behavior. མིག་ཀོང་ཐོད་ཀྱི་མདུན་འདབ་ཀྱི་མཐིལ་དུ་ཆགས་པའི་ཀླད་ཆེན་ཀླད་ཤུན་གྱི་ས་ཁུལ་ལ་ཟེར་ཞིང་། འདི་ནི་ལྷག་པར་དུ་སྤྱི་ཚོགས་དང་འབྲེལ་བའི་གཤིས་སྤྱོད་དང་། […]
orchestra
phys. A large group of musicians who play together on various instruments, usually including strings, woodwinds, brass instruments, and percussion instruments. སྤྱིར་བཏང་རྒྱུད་སྐུད་ཅན་གྱི་རོལ་ཆ་དང་། ཤིང་བཟོས་འབུད་རོལ། རག་གི་རོལ་ཆ། རྡུང་བྱའི་རོལ་ཆ་ལ་སོགས་པའི་རོལ་ཆ་སྣ་ཚོགས་མཉམ་དུ་འབུད་རྡུང་དཀྲོལ་གསུམ་བྱེད་མཁན་གྱི་རུ་ཁག་ཆེན་པོ་ཞིག་ལ་གོ
orexin
neurosci. Either of two neuropeptide hormones synthesized in the hypothalamus that regulate sleep and wakefulness and whose dysfunction causes narcolepsy. ཀླད་སྦུག་འོག་མའི་ནང་དུ་སྦྱོར་སྡེབ་བྱེད་ཅིང་སད་གཉིད་གཉིས་ལ་ཚོད་འཛིན་བྱེད་མཁན་གྱི་དབང་རྩའི་སྤྲི་རྩི་གཉིས་ལས་གང་རུང་ཞིག་ལ་གོ་ཞིང་། འདི་ཡི་བྱེད་ལས་འཆོལ་བ་ལ་བརྟེན་ནས་གཉིད་འབོག་འབྱུང་གི་ཡོད།