Encyclopedia

order

biol. A principal taxonomic category that ranks below class and above family. ཚན་པའི་འོག་དང་ཁྱིམ་གྱི་སྟེང་དུ་ཡོད་པའི་དབྱེ་བསྡུ་རིག་པའི་ནང་གི་སྡེ་ཚན་གལ་ཆེན་ཞིག

By wisdmlabs |
DETAIL

orexin

neurosci. Either of two neuropeptide hormones synthesized in the hypothalamus that regulate sleep and wakefulness and whose dysfunction causes narcolepsy. ཀླད་སྦུག་འོག་མའི་ནང་དུ་སྦྱོར་སྡེབ་བྱེད་ཅིང་སད་གཉིད་གཉིས་ལ་ཚོད་འཛིན་བྱེད་མཁན་གྱི་དབང་རྩའི་སྤྲི་རྩི་གཉིས་ལས་གང་རུང་ཞིག་ལ་གོ་ཞིང་། འདི་ཡི་བྱེད་ལས་འཆོལ་བ་ལ་བརྟེན་ནས་གཉིད་འབོག་འབྱུང་གི་ཡོད།

By wisdmlabs |
DETAIL

organ

biol. A group of tissues that perform a specific function or group of functions. བྱེད་ལས་ངེས་ཅན་གཅིག་གམ་བྱེད་ལས་ཁག་ཅིག་སྒྲུབ་མཁན་གྱི་ཕུང་གྲུབ་ཀྱི་སྡེ་ཚན་ཞིག་ལ་གོ

By wisdmlabs |
DETAIL

organ donor

biol. A person who donates an organ or organs from their body for transplantation. དབང་པོ་སྤོ་འཛུགས་བྱེད་པའི་ཆེད་དུ་རང་ཉིད་ཀྱི་ལུས་པོ་ནས་དབང་པོ་གཅིག་གམ་དུ་མ་སྦྱིན་མཁན་གྱི་གང་ཟག་ལ་གོ

By wisdmlabs |
DETAIL

organ of Corti

biol. A structure in the cochlea of the inner ear which produces nerve impulses in response to sound vibrations. ནང་རྣའི་དུང་འཁྱིལ་གྱི་ནང་དུ་ཡོད་ཅིང་སྒྲ་ཡི་འདར་འགུལ་ལ་ཡ་ལན་གྱི་ཚུལ་དུ་དབང་རྩའི་འཕར་བརྡ་སྐྲུན་མཁན་གྱི་བཀོད་པ་ཞིག

By wisdmlabs |
DETAIL
TOP