natural history
biol. The study and description of organisms and natural objects, especially their origins, evolution, and interrelationships. སྐྱེ་དངོས་དང་རང་བྱུང་དངོས་པོའི་སྐོར་སྤྱི་དང་། བྱེ་བྲག་ཏུ་དེ་དག་གི་འབྱུང་ཁུངས་དང་། འཕེལ་འགྱུར། ཕན་ཚུན་དབར་གྱི་འབྲེལ་བ་བཅས་ཀྱི་ཉམས་ཞིབ་དང་འགྲེལ་བཤད་ལ་གོ
natural killer cells
biol. A lymphocyte that is activated by double-stranded RNA or lymphokines and fights off viral infections and tumors without evident antigenic specificity. ཉག་ཟུང་ཅན་གྱི་ཨར་ཨེན་ཨེའམ་ཆུ་སེར་སྒུལ་སྤྲི་ཡིས་སད་སློང་བྱས་ཤིང་། འགོག་ཟུངས་སྐྱེད་རྫས་ཀྱི་ངེས་གཏན་ཁྱད་ཆོས་མེད་པའི་སྒོ་ནས་གཉན་སྲིན་གྱི་གཉན་ཁ་དང་སྐྲན་ལ་རྒོལ་མཁན་གྱི་ཆུ་སེར་ཕྲ་ཕུང་ཞིག།
natural resource
phys. A material source of wealth, such as timber, fresh water, or a mineral deposit, that occurs in a natural state and has economic value. རང་བྱུང་གི་ངོ་བོར་འབྱུང་ཞིང་དཔལ་འབྱོར་གྱི་རིན་ཐང་ཡོད་པའི་ཤིང་ཆའམ། ཆུ་དྭངས་མ། ཡང་ན། གཏེར་རྫས་ཀྱི་གཏེར་མཛོད་ལྟ་བུའི་ཕྱི་དངོས་པོའི་རྒྱུ་ནོར་གྱི་འབྱུང་ཁུངས་ལ་གོ
natural selection
biol. A fundamental mechanism of Darwin’s theory of evolution (Darwinism), still used by biologists to explain changes in allele frequencies in populations (evolution). ཌར་ཝིན་གྱི་འཕེལ་འགྱུར་རིག་པའི་རྣམ་གཞག་(ཌར་ཝིན་རིང་ལུགས་) གི་གཞི་རྩའི་ལས་ཚུལ་ཞིག་ལ་གོ་ཞིང་། ད་ལྟའང་སྐྱེ་དངོས་རིག་པ་བས་ཚོགས་འདུས་ཀྱི་ (འཕེལ་འགྱུར་)ནང་དུ་ཨེ་ལིལ་གྱི་ཟློས་ཕྱོད་ཀྱི་འགྱུར་བ་འགྲོ་སྟངས་ལ་འགྲེལ་བརྗོད་བྱེད་པར་བེད་སྤྱོད་བྱེད་ཀྱི་ཡོད།