nitrogen fixation
biol. The conversion of atmospheric nitrogen into chemical compounds, such as ammonia, that can be used by green plants in the formation of proteins. རླུང་ཁམས་ཀྱི་ཟེ་རླུང་དེ་རྩི་ཤིང་ལྗང་ཁུ་ཡིས་སྤྲི་རྫས་བཟོ་བའི་སྐབས་སུ་བེད་སྤྱོད་བྱེད་རུང་བའི་ཟེ་ཚྭའི་རླངས་རླུང་ལྟ་བུའི་འདུས་རྫས་སུ་བརྗེ་སྒྱུར་བྱེད་པ་ལ་གོ
nitrogenous bases
chem. A basic compound that contains nitrogen, such as a purine or pyrimidine. ན་ཡི་ཊོ་རྗེན་ཡོད་པའི་གཞི་རྩའི་འདུས་རྫས་ཏེ། པུ་རིན་ནམ་པི་རི་མི་ཌིན་ལྟ་བུ།
nocebo
biol. A harmless substance that when taken by a patient is associated with harmful effects due to negative expectations or the psychological condition of the patient. ནད་པས་བཟུང་བའི་སྡུག་ཕྱོགས་ཀྱི་རེ་སྒུག་གམ། ཡང་ན་ནད་པའི་སེམས་ཁམས་ཀྱི་གནས་བབ་ལ་བརྟེན་ནས་གནོད་པའི་ཤུགས་རྐྱེན་བསྐྲུན་པར་བྱེད་པའི་གནོད་མེད་སྨན་རྫས་ཤིག
nociceptor
neurosci. A sensory receptor that responds to pain. ན་ཟུག་ལ་ཡ་ལན་སྤྲོད་མཁན་གྱི་དབང་ཚོར་སྣེ་ལེན་པ་ཞིག