magnet
phys. Any object that has magnetic properties, that is, the ability to attract objects made of iron or other magnetic substances. See also electromagnetism and magnetic force. ལྕགས་སམ་ཁབ་ལེན་གྱི་རྫས་གཞན་གྱིས་གྲུབ་པའི་དངོས་རྫས་འཐེན་པའི་ནུས་པ་ཡོད་པ་སྟེ་ཁྱབ་ལེན་གྱི་ཁྱད་ཆོས་ཡོད་པའི་དངོས་རྫས་གང་རུང་རུང་ཞིག། གློག་ཁབ་ལེན་གྱི་རང་བཞིན་དང་ཁབ་ལེན་གྱི་ཤུགས་ལ་ཡང་གཟིགས་རོགས།
magnetic declination
phys. Discrepancy between the orientation of a compass pointing toward magnetic north and the true geographic north. ཕྱོགས་སྟོན་འཁོར་ལོས་བསྟན་པའི་བྱང་སྣེ་དང་སའི་གོ་ལའི་བྱང་སྣེ་ངོ་མ་གཉིས་དབར་གྱི་ཧེ་བག
magnetic domain
phys. Clustered regions of aligned magnetic atoms. When these regions themselves are aligned with one another, the substance containing them is a magnet. ཁབ་ལེན་དང་ལྡན་པའི་རྡུལ་ཕྲན་གྲལ་དུ་སྒྲིག་པའི་མཉམ་འདུས་ས་ཁོངས། ས་ཁོངས་འདི་དག་གྲལ་དུ་སྒྲིག་ཚེ་ས་ཁོངས་འདི་དག་དང་ལྡན་པའི་དངོས་པོ་དེ་ཁབ་ལེན་ཞིག་ཏུ་འགྱུར་བ་ཡིན།
magnetic field
phys. A field of force that exists around a magnetic body or a current-carrying conductor. ཁབ་ལེན་གྱི་ནུས་པ་ཅན་གྱི་དངོས་གཟུགས་ཤིག་གམ་གློག་རྒྱུན་རྒྱུ་བཞིན་པའི་ཁྲིད་གཟུགས་ཤིག་གི་མཁའ་འཁོར་དུ་གནས་པའི་ཤུགས་ཀྱི་ར་བ་ཞིག