jet engine
phys. An engine, as an aircraft engine, that produces forward motion by the rearward exhaust of a jet of fluid or heated air and gases. གཤེར་གཟུགས་སམ་ཚ་པོར་བཟོས་པའི་རླུང་དང་རླངས་རྫས་རྒྱབ་ཕྱོགས་ནས་ཤུགས་ཀྱིས་ཕུད་པ་ལ་བརྟེན་ནས་མདུན་སྐྱོད་ཀྱི་འགུལ་སྐྱོད་སྐྲུན་པའི་འཕྲུལ་འཁོར་ཏེ། དཔེར་ན་གནམ་གྲུའི་འཕྲུལ་འཁོར་ལྟ་བུ།
jet lag
neurosci. Extreme tiredness and other physical effects felt by a person after a long flight across different time zones. དུས་ཚོད་ཀྱི་ས་ཁུལ་མི་འདྲ་བའི་ཁྱོན་ལ་གནམ་གྲུ་ལ་བསྡད་དེ་དུས་ཡུན་རིང་པོར་འགྲུལ་བཞུད་བྱས་པ་ལ་བརྟེན་ནས་བྱུང་བའི་ངལ་དུབ་དྲག་པོའམ་ལུས་ལ་ཐེབས་པའི་ཤུགས་རྐྱེན་གཞན། [དུས་ཚོད་ཀྱི་ས་ཁུལ་འཛོལ་བའམ་འཁྲུག་པ་ལ་བརྟེན་ནས་བྱུང་བའི་ངལ་དུབ།]
jet propulsion
phys. The propulsion of a body by means of a force produced by discharging a fluid in the form of a jet. དངོས་གཟུགས་ཤིག་ནས་གཤེར་གཟུགས་ཤིག་ཤུགས་ཀྱིས་ཐོན་པ་ལས་བྱུང་པའི་ཤུགས་ལ་བརྟེན་ནས་དངོས་གཟུགས་དེར་ཐེབ་པའི་འགུལ་སྐྱོད།