ion pump
phys. A type of vacuum pump that can reduce the pressure in a container to about 1 nanopascal by passing a beam of electrons through the residual gas. སྣོད་ཆས་ཤིག་གི་ནང་དུ་ལྷག་པའི་རླངས་གཟུགས་བརྒྱུད་ནས་གློག་རྡུལ་གྱི་འཕྲོ་ཟེར་ཞིག་བཏང་བ་ལ་བརྟེན་ནས་སྣོན་ཆས་དེའི་ནང་གི་གནོན་ཤུགས་ནེ་ནོ་པ་སི་ཀལ་གཅིག་ཙམ་གྱི་མཚམས་སུ་མར་འབབ་ཐུབ་པའི་སྟོང་སང་ཕུ་མདའི་རིགས་ཤིག
ionic bond
chem. A chemical bond between two ions with opposite charges, characteristic of salts. རྟགས་ལྡོག་པའི་ཁུར་དང་ལྡན་པའི་གྱེས་རྡུལ་གཉིས་ཀྱི་དབར་དུ་གྲུབ་པའི་རྫས་སྦྱོར་འཆིང་བ་ལ་གོ་ཞིང་། ཚྭ་ཡི་ཐུན་མིན་ཁྱད་ཆོས་ཡིན།
ionic compound
chem. Substance formed by ionic bonding, a chemical bond of positively and negatively charged ions. Salts, bases and some acids are ionic compounds. གྱེས་རྡུལ་ཕོ་དང་གྱེས་རྡུལ་མོ་གཉིས་ཀྱི་དབར་དུ་གྲུབ་པའི་རྫས་སྦྱོར་གྱི་འཆིང་བ་སྟེ་གྱེས་རྡུལ་འཆིང་སྦྱོར་ལ་བརྟེན་ནས་གྲུབ་པའི་དངོས་རྫས་ལ་གོ་ཞིང་། ཚྭ་དང་། བུལ་རྫས། སྐྱུར་རྫས་ཁག་ཅིག་བཅས་ནི་གྱེས་རྡུལ་འདུས་རྫས་ཡིན།
ionization
phys. Process of adding or removing electrons to or from the atomic nucleus. རྡུལ་ཕྲན་གྱི་སྟེང་དུ་གློག་རྡུལ་སྣོན་པའམ་རྡུལ་ཕྲན་ལས་གློག་རྡུལ་ལེན་པའི་རྒྱུད་རིམ།
ionization energy
phys. The amount of energy required to remove an electron from an isolated atom or molecule. ཁེར་རྐྱང་དུ་གནས་པའི་རྡུལ་ཕྲན་ཞིག་གམ་འདུས་རྡུལ་ཞིག་ནས་གློག་རྡུལ་ཞིག་ཕྱིར་འདོན་པར་མཁོ་བའི་ནུས་པ།
ionizing radiation
phys. Radiation of sufficiently high energy to cause ionization in the medium through which it passes. It may consist of a stream of high-energy particles or short-wavelength electromagnetic radiation. རང་གི་བརྒྱུད་ལམ་གྱི་ནང་དུ་གྱེས་རྡུལ་བསྐྲུན་ཐུབ་པའི་ནུས་པ་མཐོ་བའི་འགྱེད་འཕྲོ། […]