hermaphroditism
biol. An abnormal condition especially among the higher vertebrates of having both testicular and ovarian tissue in the same individual. མཐོ་རིམ་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཁྲོད་དུ་སྲོག་ཆགས་གཅིག་ལ་བསམ་སེའུ་དང་རླིག་འབྲས་གཉིས་ཀའི་ཕུང་གྲུབ་དང་ལྡན་པའི་སྤྱིར་བཏང་མིན་པའི་གནས་སྟངས་ཤིག
herpes virus
biol. Any of a group of DNA viruses causing herpes and other diseases. མེ་དབལ་དང་ན་ཚ་གཞན་སྐྱེད་པར་བྱེད་མཁན་ཌི་ཨེན་ཨེ་དང་ལྡན་པའི་གཉན་སྲིན་གང་ཡང་རུང་བ་ཞིག་ལ་གོ
hertz (Hz)
phys. SI unit of frequency. One hertz is one vibration per second. ཟློས་ཕྱོད་ཀྱི་རྒྱལ་སྤྱིའི་ཚད་ལྡན་བརྩི་གཞི། ཧར་ཚི་གཅིག་ནི་སྐར་ཆ་རེ་ལ་འདར་འགུལ་རེ་བྱེད་པ་ལ་གོ
heterotroph
biol. An organism that is dependent on complex organic substances for nutrition because it cannot synthesize its own food. རང་གི་ཟ་མ་རང་གིས་སྡེབ་སྦྱོར་བྱེད་མི་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས་ཟས་བཅུད་ཀྱི་ཆེད་སྐྱེ་ལྡན་འདུས་རྫས་སྣ་ཚོགས་ལ་བརྟེན་མཁན་གྱི་སྐྱེ་དངོས་ཤིག་ལ་ཟེར།
heterozygote
biol. An organism that has different alleles at a particular gene locus on homologous chromosomes. སྙོམས་མཐུན་ཚོས་གཟུགས་ཀྱི་རིགས་རྫས་གནས་ས་ངེས་ཅན་ཞིག་ཏུ་ཨེ་ལིལ་མི་འདྲ་བ་དང་ལྡན་པའི་སྐྱེ་དངོས་ཤིག