ground state
phys. The lowest stable energy state of a system, such as a molecule, atom, or nucleus. འདུས་རྡུལ་ལམ། རྡུལ་ཕྲན་ནམ། ལྟེ་རྡུལ་གྱི་མ་ལག་ཅིག་གི་ནུས་པ་ཉུང་ཤོས་དང་བརྟན་པོ་ཡིན་པའི་གནས་བབ།
ground tissue
biol. All tissues except the epidermis and the vascular tissues; e.g. those of the cortex and pith. ཕྱི་ཤུན་ཕུང་གྲུབ་དང་སྦུ་གུའི་ཕུང་གྲུབ་མིན་པའི་ཕུང་གྲུབ་གཞན་ཚང་མ་ལ་གོ དཔེར་ན། ཤིང་གི་ནང་ཤུན་གྱི་ཕུང་གྲུབ་དང་། སྡོང་བུའི་ནང་རྐང་གི་ཕུང་གྲུབ་ལྟ་བུའོ།
groundwater
biol. Water held underground in the soil or in pores and crevices in rock. ས་འོག་གི་ས་ཡི་ནང་ངམ་བྲག་རྡོའི་བུ་ག་དང་སྲུབས་ཀའི་ནང་དུ་ཡོད་པའི་ཆུ།
grouped data
math. Large amounts of data arranged into categories or class intervals. སྡེ་ཚན་ནམ་གྲལ་བསྟར་དུ་བསྒྲིགས་པའི་གྲངས་ཐོ་འབོར་ཆེན་ཞིག་ལ་གོ