general theory of relativity
phys. Einstein’s generalization of special relativity, which deals with accelerated motion and features a geometric theory of gravitation. ཨ་ཡིན་སི་ཊན་གྱིས་དམིགས་བསལ་ལྟོས་གྲུབ་སྤྱི་ཁྱབ་ཅན་ཏུ་བསྒྱུར་བ་སྟེ། འདི་ཡིས་མྱུར་སྣོན་ཅན་གྱི་འགུལ་སྐྱོད་ལ་འགྲེལ་བཤད་བྱེད་ཅིང་འཐེན་ཤུགས་ཀྱི་དབྱིབས་རྩིས་ཀྱི་རྣམ་གཞག་ཅིག་མཚོན་ཡོད།
general-purpose problem-solver
The product of early (l957) research into developing a theory that explains how humans solve problems and into building machines that solve problems requiring intelligence. མིས་དཀའ་རྙོག་ཇི་ལྟར་སེལ་མིན་འགྲེལ་བའི་རྣམ་གཞག་ཅིག་གཏན་ལ་འབེབས་པ་དང་། རྣམ་དཔྱོད་སྤྱད་དེ་སེལ་དགོས་པའི་དཀའ་རྙོལ་སེལ་མཁན་འཕྲུལ་ཆས་འཛུགས་སྐྲུན་གྱི་ཐད་ལ་སྒྲུབ་པའི་ཐོག་མའི་དུས་སྐབས་ཀྱི་ (༡༩༥༧) ཞིབ་འཇུག་གི་འབྲས་བུ་ཞིག
generalization
phil. A general statement or concept obtained by inference from specific cases. གནས་སྟངས་བྱེ་བྲག་པ་ལ་བརྟེན་ནས་རྗེས་དཔག་བྱས་པའི་སྤྱི་ཁྱབ་ཀྱི་བརྗོད་པ་ཞིག་གམ་ལྟ་ཚུལ་ཞིག
generating plant
phys. A plant for generating electric power. གློག་སྐྱེད་སྐྲུན་བྱེད་པའི་གློག་ཁང་ཞིག
generation
biol. All of the offspring that are at the same stage of descent from a common ancestor. མེས་པོ་གཅིག་ནས་མཆེད་ཅིང་རིགས་རྒྱུད་ཀྱི་གནས་སྐབས་གཅིག་མཚུངས་ཤིག་ཏུ་ཡོད་པའི་ཕྲུ་གུ་དག་ལ་གོ