Encyclopedia

genotype

biol. Complete genetic makeup or constitution of an individual organism or a related group. སྐྱེ་དངོས་བྱེ་བྲག་པ་ཞིག་གམ། དེ་དང་འབྲེལ་བ་ཡོད་པའི་ཚོགས་སྡེ་ཞིག་གི་རིགས་རྫས་ཀྱི་གྲུབ་ཆ་ཆ་ཚང་བར་གོ།

By wisdmlabs |
DETAIL

genu

biol. A part of certain structures resembling a knee, in particular a bend in the corpus callosum of mammals. ལུས་པོའི་བཀོད་པ་ཞིག་གི་པུས་མོ་དང་འདྲ་བའི་ཆ་ཤས་དེ་ལ་གོ་ཞིང་། བྱེ་བྲག་ཏུ་ནུ་གསོས་སྲོག་ཆགས་ཀྱི་སྲ་ཤུན་གྱི་གུག་ཆ་ལ་གོ

By wisdmlabs |
DETAIL

genus

biol. A unit of classification (taxonomy) which contains one or many closely related species. Genera are grouped together in a family. ཉེ་རིགས་གཅིག་གམ་འབྲེལ་ཡོད་ཀྱི་ཉེ་རིགས་མང་པོ་ཚུད་པའི་སྡེ་ཚན་དབྱེ་འབྱེད་ (དབྱེ་བསྡུ་) ཀྱི་ཚན་པ་ཞིག རྒྱུད་རྣམས་ཁྱིམ་གྱི་སྡེ་ཚན་དུ་དབྱེ་དབྱེད་བྱེད།

By wisdmlabs |
DETAIL

geocentric model

phys. Any theory of the structure of the solar system (or the universe) in which Earth is assumed to be at the centre of all. སའི་གོ་ལ་ནི་ཐམས་ཅད་ཀྱི་ལྟེ་བ་ན་ཡོད་པར་འདོད་པའི་ཉི་མའི་ཁྱིམ་རྒྱུད་ (ཡང་ན་འཇིག་རྟེན་ཁམས་) ཀྱི་བཀོད་པའི་སྐོར་གྱི་རྣམ་གཞག་གང་ཡང་རུང་བ་ཞིག

By wisdmlabs |
DETAIL

geocentric system

phil. An incorrect theory of the structure of the Solar System which held that the Earth is at the centre. It has been decisively replaced by the heliocentric system. འཛམ་གླིང་ཉི་མའི་ཁྱིམ་རྒྱུད་ཀྱི་དབུས་སུ་གནས་བར་འདོད་པའི་ནོར་འཁྲུལ་ཅན་གྱི་རྣམ་གཞག་ཅིག་ལ་ཟེར་ཞིང་། […]

By wisdmlabs |
DETAIL

geocentric universe

phys. A view of the universe in which the earth is regarded as being at its centre. སའི་གོ་ལ་འཇིག་རྟེན་གྱི་ལྟེ་བར་འདོད་པའི་འཇིག་རྟེན་གྱི་ལྟ་ཚུལ་ཞིག

By wisdmlabs |
DETAIL

geodesic lines

phys. The shortest line lying on a given surface and connecting two given points. ངོས་ངེས་ཅན་ཞིག་གི་སྟེང་དུ་ཚེག་ངེས་ཅན་གཉིས་མཐུད་པར་བྱེད་པའི་ཐིག་ཐུང་ཤོས་དེ་ལ་གོ

By wisdmlabs |
DETAIL
TOP