Encyclopedia

gene expression

biol. The use of information encoded in the DNA of genes to produce functional molecules, either RNA or proteins. རིགས་རྫས་ཀྱི་ཌི་ཨེན་ཨེ་རུ་བརྡ་སྒྲིག་བྱས་པའི་ཆ་འཕྲིན་བེད་སྤྱད་དེ་བྱེད་ལས་རང་བཞིན་ལྡན་པའི་འདུས་རྡུལ་ཨར་ཨེན་ཨེའམ་སྤྲི་རྫས་སྐྱེད་སྐྲུན་བྱེད་པ།

By wisdmlabs |
DETAIL

gene flow

biol. Transfer of genes from one population to another, as by migration or the dispersal of seeds and pollen. ས་བོན་དང་ཟེ་རྡུལ་གྱི་གནས་སྤོའམ་གྲམ་ཐོར་ལ་བརྟེན་ནས་ཚོགས་འདུས་གཅིག་ནས་གཞན་དུ་རིགས་རྫས་གནས་སྤོ་བྱེད་པ་ལ་ཟེར།

By wisdmlabs |
DETAIL

gene mapping

biol. The process of determining the relative positions of and distances between genes on a chromosome. ཚོས་གཟུགས་ཤིག་གི་སྟེང་དུ་ཡོད་པའི་རིགས་རྫས་དབར་གྱི་རྒྱང་ཐག་དང་རིགས་རྫས་ཀྱི་ལྟོས་བཅས་ཀྱི་གནས་ས་ཐག་གཅོད་བྱེད་པའི་རྒྱུད་རིམ་ཞིག་ལ་ཟེར།

By wisdmlabs |
DETAIL

gene pool

biol. All of the genes possessed by the reproductively active members of a population. ཚོགས་འདུས་ཤིག་ནང་གི་སྐྱེད་འཕེལ་གྱི་ནུས་པ་དང་ལྡན་པའི་སྐྱེ་དངོས་ལ་ཡོད་པའི་རིགས་རྫས་ཆ་ཚང་ལ་གོ

By wisdmlabs |
DETAIL

gene therapy

biol. The introduction of normal genes into cells in place of missing or defective ones in order to correct genetic disorders. རིགས་རྫས་ཀྱི་འཁྲུག་སྐྱོན་སེལ་བའི་ཆེད་དུ་བརླག་ཟིན་པའམ་སྐྱོན་ཅན་ཡིན་པའི་རིགས་རྫས་ཀྱི་ཚབ་ཏུ་སྐྱོན་མེད་པའི་རིགས་རྫས་ནང་འཇུག་བྱེད་པ་ལ་གོ

By wisdmlabs |
DETAIL

gene transfer

biol. The transfer of genes between organisms. It may be a horizontal gene transfer or a vertical gene transfer.  སྐྱེ་དངོས་ཤིག་གི་རིགས་རྫས་སྐྱེ་དངོས་གཞན་དུ་འཇུག་པ་ལ་ཟེར་ཞིང་། འདི་ནི་འཕྲེད་ཀྱི་རིགས་རྫས་གནས་སྤོ་ཞིག་གམ། གཞུང་གི་རིགས་རྫས་གནས་སྤོ་ཞིག་ཡིན་སྲིད།

By wisdmlabs |
DETAIL

general anesthesia

biol. A state of unconsciousness and immobility, brought about by drugs, so as to allow surgical operations or other physical procedures to be performed without pain or awareness གཤག་བཅོས་སམ་ལག་ཐབས་གཞན་ན་ཟུག་དང་ཤེས་ཚོར་མེད་པའི་སྒོ་ནས་སྒྲུབ་པའི་ཆེད་དུ་སྨན་རྫས་སྤྲད་དེ་དྲན་མེད་དང་འགུལ་མེད་དུ་བཟོས་པའི་གནས་བབ་ལ་གོ

By wisdmlabs |
DETAIL
TOP